- thang skya dgon pa
- ID:
- T232307
- ཐང་སྐྱ་དགོན་པ (Tibetan, Tibetan script, Original)
- > thang skya dgon pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > tang kya gönpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(མལ་གྲོ་གུང་དཀར་རྫོང་ཁོངས་)སྤྱི་ལོའི་དུས་རབས་བདུན་པའི་ནང་བཙན་པོ་སྲོང་བཙན་སྒམ་པོས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་རྣམས་གསར་འདེབས་མཛད་སྐབས་དང་དུས་མཉམ་དུ་བཏབ་པར་གྲགས་ཤིང་། དུས་རབས་བཅུ་པའི་ནང་ཀླུ་མེས་ཀྱིས་ཞིག་གསོ་མཛད་དེ་དགེ་འདུན་གྱི་སྡེ་གཙུགས། བར་ལམ་ ཇོ་ནང་གི་གྲུབ་མཐའ་འཛིན་གྱི་ཡོད་ཀྱང་། དུས་རབས་བཅོ་ལྔ་པའི་ནང་སེམས་དཔའ་བློ་གྲོས་རྒྱལ་མཚན་པས་དགེ་ལུགས་སུ་བསྒྱུར་བར་མཛད། དེ་གར་སྲོང་བཙན་གྱི་སྐུ་དུས་སུ་བཞེངས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་འཇིམ་སྐུ་སོགས་ཡོད་པ་དང་དགོན་པའི་ལྷོ་ངོས་སུ་དབུས་སྟོད་ལྷ་མོ་ཞེས་པའི་མཆོད་རྟེན་ཆེན་པོ་ཞིག་ཀྱང་ཡོད།
- language:
- Tibetan
2. Thupten Phuntsok Dictionary
(1) (མལ་གྲོ་གུང་དཀར་རྫོང་ཁོངས) སྤྱི་ལོའི་དུས་རབས་བདུན་པའི་ནང་བཙན་པོ་སྲོང་བཙན་སྒམ་པོས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་རྣམས་གསར་འདེབས་མཛད་སྐབས་དང་དུས་མཉམ་དུ་བཏབ་པར་གྲགས་ཤིང་། དུས་རབས་བཅུ་པའི་ནང་ཀླུ་མེས་ཀྱིས་ཞིག་གསོ་མཛད་དེ་དགེ་འདུན་གྱི་སྡེ་གཙུགས། བར་ལམ་ཇོ་ནང་གི་གྲུབ་མཐའ་འཛིན་གྱི་ཡོད་ཀྱང་། དུས་རབས་བཅོ་ལྔ་པའི་ནང་སེམས་དཔའ་བློ་གྲོས་རྒྱལ་མཚན་པས་དགེ་ལུགས་སུ་བསྒྱུར་བར་མཛད། དེ་གར་སྲོང་བཙན་གྱི་སྐུ་དུས་སུ་བཞེངས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་འཇིམ་སྐུ་སོགས་ཡོད་པ་དང་དགོན་པའི་ལྷོ་ངོས་སུ་དབུས་སྟོད་ལྷ་མོ་ཞེས་པའི་མཆོད་རྟེན་ཆེན་པོ་ཞིག་ཀྱང་ཡོད།
- language:
- Tibetan