Skip to main content Skip to search
thang tog
ID:
T232314
  • ཐང་ཏོག (Tibetan, Tibetan script, Original)
    • > thang tog (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tang tok (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རི་མོ་དང་ཡིག་གཟུགས་ལ་རྒྱབ་མཐའི་རྒྱན་སྦྱར་རམ། ཐང་ག་སོགས་ལ་གོང་གཤམ་རྒྱག་སྐབས་སུ་སྤྱོད་པའི་ཐང་ཤིང་གི་ཟུར་གཡས་གཡོན་གཉིས་ལ་ཏོག་རེ་བརྒྱན་པ་དེར་ཟེར། དེ་ཡང་ཙན་དན་དང་། རྭ་ཅོ། ཆུ་ཤེལ། ཤིང་རིགས། དངུལ་དཀར། ཟངས་སོགས་ཀྱི་རྒྱུ་ལས་གྲུབ་པ་ཞིག་ཡིན། ཙན་དན་སྤྱད་ཐུབ་ན་འབུ་སྲིན་སྔོན་འགོག་དང་བཞའ་ཚན་སྔོན་འགོག་སོགས་ཀྱི་ཁྱད་ཆོས་ལྡན། དོ་སྣང་བྱེད་དགོས་པ་ཞིག་ལ་ཐང་ཏོག་ལྗིད་དྲགས་ན་རི་མོར་སྐྱོན་རྒྱག་གི་ཡོད་པས། ཚད་ལྡན་བཟོ་དགོས་པ་ནི་ཧ་ཅང་གལ་ཆེའོ། །

language:
Tibetan