Skip to main content Skip to search
thang tha'i tsung
ID:
T232315
  • ཐང་ཐའི་ཙུང (Tibetan, Tibetan script, Original)
    • > thang tha'i tsung (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tang té tsung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(唐太宗)ཐང་རྒྱལ་རབས་ཀྱི་གོང་མ་གཉིས་པ་རུས་མིང་ལི་ཡིན་པས་མིང་ལ་ལི་ཧྲི་མིང(李世明)ཟེར། སངས་རྒྱས་འདས་ལོ་༡༡༧༤མེ་ཕག་(༦༢༧)ལོ་ནས་༡༡༩༦ས་བྱ(༦༤༩)བར་ལོ་ཉེར་གསུམ་རིང་སྲིད་དབང་བཟུང་། ཁོང་ནི་རང་རྒྱལ་གྱི་ལོ་རྒྱུས་ཐོག་སྙན་གྲགས་ལྡན་པའི་བཀས་བཀོད་བརྒྱུད་འཛིན་གྱི་གོང་མ་ཞིག་དང་ཐང་ཀའོ་ཙུང་ལ་རོགས་རམ་བྱེད་མཁན་གཙོ་བོ་ཡིན་ལ་རང་ཉིད་ཀྱི་ཕ་ལི་ཡའན(ཐང་ཀའོ་ཙུའུ)དང་མཉམ་དུ་སུའི་རྒྱལ་རབས་ལ་ངོ་རྒོལ་བྱེད་པའི་དར་ཆ་ཁྱེར་ནས་གྱེན་ལངས་ནང་ཞུགས། ལི་ཡུའན་གྱིས་གོང་མ་བྱས་སྐབས་ཆིན་ཝང་དང་ཧྲང་ཧྲུའུ་ཡི་གོ་གནས་བསྐོས། ཏོའོ་ཅན་ཏེ་སོགས་ཀྱིས་འགོ་ཁྲིད་པའི་ཞིང་པའི་གྱེན་ལངས་ལ་དྲག་གནོན་བྱས་ཤིང་ཝང་ཧྲི་ཁྲུང་སོགས་གནོད་འཚེ་ཅན་རྩ་མེད་བཏང་། སངས་རྒྱས་འདས་ལོ༡༡༨༡ཤིང་རྟ(༦༣༤)ལོར་བོད་ས་གནས་དང་ཐོག་མའི་འབྲེལ་བ་བྱུང་། སངས་རྒྱས་འདས་ལོ་༡༡༨༨ལྕགས་གླང(༦༤༡)ལོར་རང་གི་ཚ་མོ་འུན་ཁྲེན་ཀོང་ཇོ་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོར་བྱིན་ནས་རྒྱ་བོད་མི་རིགས་བར་གྱི་འབྲེལ་བ་སྔར་ལས་ལྷག་པར་གོང་འཕེལ་བཏང་བ་མ་ཟད། རྒྱ་གར་དང་། དབྱི་ལང་། ཀའོ་ལི་སོགས་ཁྱིམ་མཚེས་རྒྱལ་ཁབ་གཞན་དག་བར་གྱི་མཛའ་གྲོགས་འབྲེལ་བའང་གོང་འཕེལ་བྱུང་། རྒྱལ་ནང་དུ་ཅུན་དང་དམག་དཔུང་བགོས་ཏེ་སྲིད་དབང་འཛིན་པའི་ལམ་ལུགས་དང་། ས་གནས་ཁག་གི་དཔོན་རིགས་རྣམས་ཡིག་ཚད་བཏང་ནས་འཇོན་ཐང་ཆེ་ཆུང་ལ་གཞིགས་ཏེ་བསྐོ་གཞག་བྱེད་པའི་ལམ་ལུགས་ལག་ལེན་བསྟར་ཞིང་། མཐའ་མཚམས་ས་ཁུལ་དང་རྒྱལ་ཁབ་གཞན་དག་བར་འགྲོ་འོང་བྱེད་པའིའགྲིམ་འགྲུལ་འགྲོ་ལམ་ཁག་གཅིག་གསར་བཟོ་བྱས་པ་དེས་ཚོང་ལས་དང་། རིག་གནས་བརྗེ་རེས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་། མདོར་ན་ཐང་ཐའི་ཙུང་གིས་སྲིད་དབང་བཟུང་བའི་དུས་སྐབས་དེར་ཐང་རྒྱལ་རབས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ཐད་འཛམ་གླིང་ཐོག་སྙན་གྲགགས་ཆེ་བའི་གོ་གནས་བཟུང་ཡོད།

language:
Tibetan

2. Thupten Phuntsok Dictionary

ཐང་རྒྱལ་རབས་ཀྱི་གོང་མ་གཉིས་པ་རུས་མིང་ལི་ཡིན།

language:
Tibetan