- thang dmag gis po ta la me la bsregs pa
- ID:
- T232323
- ཐང་དམག་གིས་པོ་ཏ་ལ་མེ་ལ་བསྲེགས་པ (Tibetan, Tibetan script, Original)
- > thang dmag gis po ta la me la bsregs pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > tang mak gipo tala mé la sekpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྤྱི་ལོའི་དུས་རབས་བདུན་པའི་ནང་བཙན་པོ་མང་སྲོང་གི་སྐུ་དུས་སུ་ཐང་གི་དམག་དཔུང་འབོར་ཆེན་ལྷ་སར་འབྱོར། ཕོ་བྲང་པོ་ཏ་ལ (ཁྲི་རྩེ་དམར་པོ) མེ་ལ་བསྲེགས་པ་སོགས་ཀྱི་དུས་ཟིང་བྱུང་། དེའི་སྐོར་དེབ་ཐེར་དཔྱིད་ཀྱི་རྒྱལ་པོའི་གླུ་དབྱངས་ལས། དེ་ནས་སླར་རྒྱ་དམག་གི་སྐད་ཆེན་པོ་བྱུང་བས་ཇོ་བོ་ལྷོ་སྒོ་མེ་ལོང་ཅན་དུ་བཅུག སྒོ་ལ་ཞལ་བ་བྱས་ནས་འཇམ་དབྱངས་ཀྱི་སྐུ་བྲིས། མི་རིང་བར་རྒྱ་དམག་རྣམས་ལྷགས་ཏེ་པོ་ཏ་ལའི་ཕོ་བྲང་མེ་ལ་བསྲེགས། ཇོ་བོ་ཤཱཀྱ་མུ་ནེ་འཁྱེར་མ་ཐུབ་ཀྱང་མི་བསྐྱོད་རྡོ་རྗེ་སྔ་དྲོ་གཅིག་གི་སར་གདན་དྲངས་སོ་ཞེས་གསལ་ཀྱང་། རྒྱའི་ལོ་རྒྱུས་སུ་ཟུར་ཙམ་ཡང་མེད་པས་རྟོགས་དཔྱོད་བྱ་བའི་གནས་སོ། །
- language:
- Tibetan