Skip to main content Skip to search
thang yig chen mo
ID:
T232329
  • ཐང་ཡིག་ཆེན་མོ (Tibetan, Tibetan script, Original)
    • > thang yig chen mo (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tang yik chenmo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྐབས་འདིར་བཤད་པའི་ཐང་ཡིག་ཆེན་མོ་ནི།《བཀའ་ཐང་ལྡེ་ལྔ》ནང་གསེས་དུམ་བུ་གཉིས་པ་《རྒྱལ་པོ་བཀའ་ཐང་》ལ་གོ་དགོས་ཤིང་། འདི་ནི་གསང་སྔགས་རྙིང་མའི་གཏེར་སྟོན་ཆེན་པོ་ཡར་རྗེ་ཨོ་རྒྱན་གླིང་པས་བོད་ཀྱི་རབ་བྱུང་དྲུག་པའི་ཤིང་བྱ(༡༣༤༥)ལོ་ནས་རིམ་བཞིན་བུ་ཚལ་གསེར་ཁང་གླིང་གི་འོག་ནས《ལྷ་འདྲེ་བཀའ་ཐང》 ཡར་ལུང་ཤེལ་བྲག་ནས《རྒྱལ་པོ་བཀའ་ཐང》 《བློན་པོ་བཀའ་ཐང》 《ལོ་པཎ་བཀའ་ཐང་》གསུམ། ཁམས་གསུམ་ཟངས་ཁང་གླིང་ནས《བཙུན་མོ་བཀའ་ཐང》བཅས་གཏེར་ནས་བཏོན་ཞེས་གསང་ཆེན་རྙིང་མའི་ཆོས་འབྱུང་མང་པོར་གསུངས་པ་ལྟར། འདི་དག་གི་ནང་བོད་ཡིག་ཐོག་འཁོད་པའི་ལོ་རྒྱུས་ཡིག་ཆ་གཞན་དག་ལས་མི་གསལ་བའི་ལོ་རྒྱུས་དཔྱད་གཞི་གལ་ཆེ་བ་མང་པོ་ཞིག་གསལ་པོར་འཁོད་ཡོད། བྲག་སྒོ་རབ་འབྱམས་པ་སོགས་མཁས་དབང་འགའ་ཞིག་གིས་བཀའ་ཐང་འདིའི་ནང་སངས་རྒྱས་ཆོས་ལུགས་ཀྱི་གཞུང་དང་མི་མཐུན་པའི་ཚིག་སྐྱོན་དང་དོན་སྐྱོན་འགའ་ཞིག་ཡོད་པ་བཟུང་ནས་སྐྱོན་བརྗོད་དང་དགག་པ་མཛད་པ་ཡོད་ཀྱང་། སྐྱོན་ཆ་དེ་དག་ཕྱི་རབས་པ་འགའ་ཞིག་གིས་གསར་བཅུག་བྱས་པའི་ལྷད་སྐྱོན་ཡིན་པ་ལས་ཁྱོན་ཡོངས་ཀྱི་ཕྱོགས་ནས་དཔྱད་གཞིར་འོས་པའི་རིན་ཐང་ལྡན་པ་ཞིག་ཡིན་པས་གྲུབ་མཐའི་ཕྱོགས་ཞེན་བཟུང་ནས་སྐུར་འདེབས་བྱེད་མི་རུང་ལགས།

language:
Tibetan

2. Thupten Phuntsok Dictionary

སྐབས་འདིར་བཤད་པའི་ཐང་ཡིག་ཆེན་མོ་ནི།བཀའ་ཐང་སྡེ་ལྔ》ནང་གསེས་དུམ་བུ་གཉིས་པརྒྱལ་པོ་བཀའ་ཐང》ལ་གོ་དགོས་ཤིང་། འདི་ནི་གསང་སྔགས་རྙིང་མའི་གཏེར་སྟོན་ཆེན་པོ་ཡར་རྗེ་ཨོ་རྒྱན་གླིང་པས་བོད་ཀྱི་རབ་བྱུང་དྲུག་པའི་ཤིང་བྱ (༡༣༤༥) ལོ་ནས་རིམ་བཞིན་བུ་ཚལ་གསེར་ཁང་གླིང་གི་འོག་ནསལྷ་འདྲེ་བཀའ་ཐང》 ཡར་ལུང་ཤེལ་བྲག་ནསརྒྱལ་པོ་བཀའ་ཐང》 བློན་པོ་བཀའ་ཐང》 ལོ་པཎ་བཀའ་ཐང》གསུམ། ཁམས་གསུམ་ཟངས་ཁང་གླིང་ནསབཙུན་མོ་བཀའ་ཐང》 བཅས་གཏེར་ནས་བཏོན་ཞེས་གཏེར་ཆེན་རྙིང་མའི་ཆོས་འབྱུང་མང་པོར་གསུངས།

language:
Tibetan