- thar rtse mkhan chen ngag dbang bsod nams chos ldan
- ID:
- T232395
- ཐར་རྩེ་མཁན་ཆེན་ངག་དབང་བསོད་ནམས་ཆོས་ལྡན (Tibetan, Tibetan script, Original)
- > thar rtse mkhan chen ngag dbang bsod nams chos ldan (Tibetan, Latin script, Transliteration-THL Extended Wylie Transliteration)
- > tar tsé khenchen ngawang sönam chöden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་དོན་བདུན་པ་ཡིན། སྤྱི་ལོ་༡༩༦༡ལོར་ངོ་མཚར་བའི་ལྟས་དང་བཅས་པས་གློ་བོ་རྒྱལ་པོའི་སྐུ་མཆེད་དུ་གློ་རྒྱལ་ཁབ་ལ་སྐུ་འཁྲུངས། དགུང་ལོ་དགུ་ཡི་ཐོག་ནས་གློ་བོ་སྨན་ཐང་དགོན་པར་ཆོས་བཞུགས་བྱས། ༧སྐྱབས་རྗེ་བཅོ་བརྒྱད་ཁྲི་རིན་པོ་ཆེ་མཆོག་གིས་རྒྱལ་གར་ལུམ་བྷི་ནི་བཀྲ་ཤིས་རབ་བརྟན་གླིང་དུ་ཁྲིད་གནང་སྟེ་ཆོས་སྤྱོད་སོགས་སློབ་གཉེར་བྱས། ༧སྐྱབས་མགོན་༧ཁྲི་ཆེན་རྡོ་རྗེ་འཆང་མདུན་ནས་ལམ་འབྲས་སློབ་བཤད་གསན་དུ་ཕེབས། ༧ཁྲི་ཆེན་རྡོ་རྗེ་འཆང་གིས་འུ་ཡུག་ཐར་རྩེ་མཁན་རིན་པོ་ཆེའི་ཡང་སྲིད་དུ་བཀའ་ཡིག་ཕྱག་རྟགས་གནང་། སྤྱི་ལོ་༡༩༨༡བོད་ཟླ་དང་པོའི་ཚེས་བཞི་ཉིན་༧སྐྱབས་མགོན་ཁྲི་ཆེན་རིན་པོ་ཆེས་གཙོས་བླ་གྲྭ་རྣམས་ཀྱིས་ཁྲི་སྟོན་བྱས། ཕྱག་རྡོ་འབྱུང་པོ་འདུལ་བྱེད་སོགས་ལྷག་པའི་ལྷ་མང་པོས་བསྙེན་སྒྲུབ་བྱས། བོད་རབ་བྱུང་བཅུ་བདུན་མེ་ཡོས་ཟླ༡ཚེས༡༥དང་། སྤྱི་ལོ (༡༩༨༧) ཟླ༣ཚེས༡༥ཉིན་ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་མཁན་པོ་དང་མཁན་ཆེན་ཀུན་དགའ་དབང་ཕྱུག་ལས་སློབ་དང་། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་དགེ་སློང་གི་སྡོམ་པ་ཞུས། དཔལ་ས་སྐྱའི་མ་དགོན་བཤད་གྲྭར་ལོ་བདུན་རིང་མདོ་སྐོར་སློབ་གཉེར་བྱས། སྤྱི་ལོ (༡༩༩༣) ལོར་ཀླུ་ལྡིང་མཁན་ཆེན་རིན་པོ་མཉམ་དུ་མདོ་ཁམས་དུ་ཕེབས་ཏེ་ཆོས་ཀྱི་སྦྱིན་པ་དཔག་མེད་སྤེལ། ༧སྐྱབས་མགོན་ཁྲི་ཆེན་རྡོ་རྗེ་འཆང་དང་། ༧ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་དང་། ༧བཅོ་བརྒྱད་ཁྲི་རིན་པོ་ཆེ་སོགས་ཀྱི་མདུན་ནས་དཔལ་ས་སྐྱའི་ཕ་ཆོས་ལམ་འབྲས་ཚོགས་བཤད་སློབ་བཤད་སོགས་ཚར་མང་པོ་གསན། མཁན་ཆེན་ཀུན་དགའ་དབང་ཕྱུག་དང་། མཁན་ཆེན་ཨ་པད་རིན་པོ་ཆེ་དང་། མཁན་པོ་མིག་དམར་ཚེ་རིང་སོགས་མདུན་ནས་སྤྱི་ལྗོན་བརྟག་གསུམ་གཙོས་མདོ་སྔགས་རིག་གནས་དང་བཅས་པའི་བཀའ་ཆོས་མང་པོ་གསན། སྤྱི་ལོ་༢༠༠༡ལོའི་ཟླ༣ཚེས༢༩དང་། བོད་ཟླ༢ཚེས༥ཉིན་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྒྱལ་ཚབ་ཏུ་ཁྲི་སྟོན་མངའ་གསོལ་བྱས། ཤིང་སྤྲེལ་ལོར་ཡང་བསྐྱར་མདོ་ཁམས་ཕྱོགས་སུ་ཕེབས་ཏེ་སྒ་སྐྱེ་རྒུ་དགོན་དང་། སྡེ་དགེ་དགོན་ཆེན་སོགས་དགོན་ཁག་མང་པོར་ཕེབས་ཏེ་འདུས་པ་སྟོང་ཕྲག་མང་པོར་རྡོ་རྗེ་ཕྲེང་བ་དང་། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་སོགས་དབང་ཆོས་མཐའ་ཡས་པ་གནང་། ད་ལྟ་རྒྱལ་ཕྱི་ནང་གི་དད་ལྡན་སློབ་མ་རྣམས་ལ་དམ་པའི་ཆོས་སྤེལ་བཞིན་བཞུགས་སོ། །
- language:
- Tibetan