Skip to main content Skip to search
thar rtse 'jam dbyangs kun dga' bstan pa'i rgyal mtshan
ID:
T232397
  • ཐར་རྩེ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན (Tibetan, Tibetan script, Original)
    • > thar rtse 'jam dbyangs kun dga' bstan pa'i rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tar tsé jamyang kün ga tenpé gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་དོན་བཞི་པ་ཡིན། གཙང་རྟ་ནག་ཤོད་གུས་སྤེལ་དུ་འཁྲུངས། སྐུ་ཆུང་ངུའི་དུས་ནས་ངོར་ཨེ་ཝཾ་ཆོས་ལྡན་དུ་ཕེབས། ངོར་ཐར་རྩེའི་ཞབས་དྲུང་གི་མཚན་གནས་བཞེས། ཐར་རྩེ་བླ་བྲང་དུ་ངོར་པའི་ཕྱག་ལེན་གྱི་སྐོར་རྣམས་གསན་སྦྱོང་མཛད། མཁས་པ་ཆེན་པོ་རྟ་ནག་ངག་གི་དབང་ཕྱུག་མཆོག་ལས་སུམ་རྟགས་སྙན་ངག །ཀ་ཙན་དབྱངས་གསུམ་སོགས་རིག་གནས་སྐོར་མཐའ་ཡས་པ་གསན། རྒྱལ་སྲས་སེམས་དཔའ་ཆེན་པོ་ཕན་བདེའི་མཁན་རིན་པོ་ཆེ་ངག་དབང་མཁས་གྲུབ་རྒྱ་མཚོ་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོད། མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་ཆེར་གསན། མཁན་ཆེན་དམ་པ་རྡོ་རྗེ་འཆང་ལས་ལམ་འབྲས་སློབ་བཤད་གསན། ངོར་ཨེ་ཝཾ་པའི་གདན་ས་ལོ་གསུམ་མཛད། ལམ་འབྲས་ཚར་གསུམ་གྱིས་གཙོས་ཆོས་འཁོར་མཐའ་ཡས་པ་བསྐོར་བར་མཛད་དོ། །

language:
Tibetan