Skip to main content Skip to search
thar rtse 'jam dbyangs kun bzang bstan pa'i rgyal mtshan
ID:
T232398
  • ཐར་རྩེ་འཇམ་དབྱངས་ཀུན་བཟང་བསྟན་པའི་རྒྱལ་མཚན (Tibetan, Tibetan script, Original)
    • > thar rtse 'jam dbyangs kun bzang bstan pa'i rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tar tsé jamyang kunzang tenpé gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་རེ་གསུམ་པ་ཡིན། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་སྤྲུལ་སྐུར་བྲང་ཏིའི་རིགས་བརྒྱུད་དུ་མཚན་དཔེ་གསར་དུ་བཞད། ངོར་ཐར་རྩེ་བླ་བྲང་དུ་ཕེབས་ནས་ཁུ་བོ་མཁན་པོ་རིན་ཆེན་རྡོ་རྗེ་ལས་བསྙེན་པར་རྫོགས་ཤིང་གསུང་ངག་སློབ་བཤད་སོགས་སྨིན་གྲོལ་བྱིན་རླབས་ལུང་སོགས་རྒྱ་ཆེར་གསན། དཔལ་ན་ལེནྡྲའི་མཁན་པོ་སྙན་གྲགས་ཐར་པ་ལས་སུམ་རྟགས་སོགས་རིག་གནས་དུ་མ་གསན། རྒྱལ་བ་རྡོ་རྗེ་འཆང་གི་ཁྲིར་ཕེབས་ནས་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་དོ། །

language:
Tibetan