- thar rtse 'jam dbyangs kun bzang thub bstan chos kyi rgyal mtshan
- ID:
- T232399
- ཐར་རྩེ་འཇམ་དབྱངས་ཀུན་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན (Tibetan, Tibetan script, Original)
- > thar rtse 'jam dbyangs kun bzang thub bstan chos kyi rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > tar tsé jamyang kunzang tubten chö kyi gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་རེ་བདུན་པ་ཡིན། ཐར་རྩེ་མཁན་ཆེན་འཇམ་དབྱངས་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་སྐུ་སྲིང་མ་ལས་བྲང་ཏིའི་ཤ་རྒྱུད་དུ་གཞིས་ཀ་ཆེན་པོ་པད་གླིང་དུ་སྐུ་འཁྲུངས། ཆུང་ངུ་ནས་ཐར་རྩེ་བླ་བྲང་དུ་ཞབས་དྲུང་གི་མཚན་གསོལ་མཛད་དེ་བཞུགས། སྐུ་ཞང་མཁན་ཆེན་རྡོ་རྗེ་འཆང་གི་མདུན་ནས་ལམ་འབྲས་སོགས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོད། གཞན་ཡང་ཡོངས་འཛིན་དགེ་བའི་བཤེས་གཉེན་མང་པོ་བསྟེན་ཏེ་མདོ་སྔགས་གཞུང་ལུགས། རིག་གནས། སྙན་རྒྱུད་སྐོར་སོགས་མཐའ་ཡས་པ་གསན་ཏེ་མཁྱེན་རབ་ནམ་མཁའ་དང་མཉམ་པར་གྱུར། ལྷག་ལྷ་རབས་འབྱམས་ཀྱི་བསྙེན་སྒྲུབ་མཐར་ཕྱིན་པར་མཛད་ནས་རྒྱལ་བ་རྡོ་རྗེ་འཆང་ཆེན་པོའི་ཆོས་ཀྱི་ཁྲི་ལ་ཕེབས་ཏེ་ངོར་གྱི་གདན་ས་ལོ་གསུམ་མཛད། རྗེས་སུ་ཐར་རྩེ་མཁན་རིན་པོ་ཆེ་བྱམས་པ་ནམ་མཁའ་ཀུན་བཟང་བསྟན་པའི་རྒྱལ་མཚན་མཁན་ཁྲི་ལོ་གཅིག་ནས་དགོངས་པ་རྫོགས་པར་ཡང་བསྐྱར་རྗེ་འདིས་ལོ་གཉིས་མཁན་ཁྲི་མཛད་དེ། སྔ་ཕྱི་ལོ་ལྔ་མཁན་པོ་ཁྲི་འཛིན་མཛད་དེ་གསུང་ངག་ལམ་འབྲས་སོགས་སྡོམ་པ་གསུམ་གྱི་སྒོ་ནས་སྐལ་ལྡན་གྱི་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་ལ་འགོད་པར་མཛད། མདོ་ཁམས་ཕྱོགས་སུ་སྔ་རྗེས་ལན་ཁ་ཡར་ཕེབས། གཙོ་བོར་སྐྱེ་རྒུ་དགོན་དུ་བཞུགས་གདན་གྱིས་བསྟན་འགྲོའི་མཛད་པ་རྒྱ་ཆེན་བསྐྱང་། དེ་ནས་ཆུ་ལུག་ལོར་ངོར་ཨེ་ཝཾ་ཆོས་ལྡན་དུ་གཙུག་ལག་ཁང་གསར་པ་སྒོ་འཕྱོར་དང་བཅས་པ་དང་། སྟེང་དུ་ངོར་ཆེན་རྡོ་རྗེ་འཆང་ཆེན་པོའི་གཟིམ་ཆུང་གཡབ་ཆེན་དང་། ཞིང་ཁམས་རྒྱ་མཚོ། གསང་སྔགས་ཕོ་བྲང་། མགོན་ཁང་ཤར་ནུབ་གཉིས། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་གཟིམ་ཆུང་ཕྱིས་སུ་མཁན་པོ་རིམ་བྱོན་གྱི་གཟིམ་ཆུང་མཛད་པ་དེ་དང་། རབ་གསལ་ཁང་སོགས་རྒྱ་ཆེན་བཀོད་པས་མཛེས་པ་ཕུན་ཚོགས་པ་བསྐྲུན་པར་མཛད་པ་སོགས་རྒྱལ་བ་ཨེ་ཝཾ་པ་ཆེན་པོའི་བསྟན་པ་རིན་པོ་ཆེར་ཆོས་དང་ཟང་ཟིང་གི་སྒོ་ནས་མཛད་ཕྲིན་བླ་ན་མེད་པར་བསྐྱང་ཞིང་བཞུགས། མཐར་ཞིང་དང་གདུལ་བྱའི་མཛད་པ་གཞན་དུ་བསྟན་པའི་ཕྱིར་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་མཉམ་པར་བཞག་པའི་ཚུལ་བསྟན་པ་ལགས་སོ། །ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མས་མཛད་པའི་གདན་རབས་ཁ་སྐོང་ལྟར་དུ་ཡིན།
- language:
- Tibetan