Skip to main content Skip to search
thar rtse nam mkha' 'chi med
ID:
T232400
  • ཐར་རྩེ་ནམ་མཁའ་འཆི་མེད (Tibetan, Tibetan script, Original)
    • > thar rtse nam mkha' 'chi med (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tar tsé namkha chimé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ཞེ་བཞི་པ་ཡིན། རབ་བྱུང་བཅུ་གསུམ་པའི་ཤིང་བྱ་སྤྱི་ལོ་༡༧༦༥ལོར་ཨེ་ཝཾ་ཆོས་ལྡན་དང་ཉེ་བའི་ས་ཕྱོགས་རྩེན་རྒྱ་མཚོ་གླིང་དུ་འཁྲུངས། དགུང་ལོ་དྲུག་བདུན་སྐབས་ངོར་ཐར་རྩེར་ཕེབས། ག་ཟི་དྲུང་ཡིག་ལས་འབྲི་ཀློག་བསླབ། རིམ་པར་ངོར་པའི་གཞུང་ཆུང་བཞི། ཀུན་ཏུ་དགོས་པའི་གཞུང་བདུན། དཀོན་ལྷུན་སྣང་རྒྱུད་རྣམས་ཐུགས་ལ་བཟུང་ནས་རྒྱུགས་འབུལ་མཛད། དགུང་ལོ་བདུན་པར་ཁང་གསར་ངག་དབང་ཆོས་སྐྱོང་བཟང་པོ་ལས་དགེ་ཚུལ་གྱི་སྡོམ་པ་ནོད། དཔལ་ས་སྐྱའི་བདག་ཆེན་ཀུན་དགའ་བློ་གྲོས་སོགས་ཡོངས་འཛིན་བཅུ་ཕྲག་ལྔ་ལྷག་ཙམ་ལས་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་གསན་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན། དགུང་ལོ་ཉི་ཤུ་པར་གདན་ས་ཆེན་པོར་ཕེབས། དགུང་ལོ་ཉེར་ལྔ་པ་རབ་བྱུང་བཅུ་གསུམ་པའི་ས་མོ་བྱ་སྤྱི་ལོ་༡༧༨༩ལོར་ངོར་ཨེ་ཝཾ་པའི་ཁྲིར་ཕེབས། ལོ་བཞིར་གདན་ས་མཛད། གསུང་ངག་ལམ་འབྲས་གཙོས་པའི་ཆོས་འཁོར་རྒྱ་ཆེར་བསྐོར། ལོ་རེ་བཞིན་དོན་གཉེར་བ་དགེ་འདུན་ཉིས་བརྒྱ་སྐོར་བསྡུས། ཨེ་ཝཾ་པའི་བསྟན་པར་བཀའ་དྲིན་ཤིན་ཏུ་ཆེ། ཕྱིས་སྡེ་དགེ་ཕྱོགས་སུ་མཛད་ཕྲིན་རྒྱས། དགུང་ལོ་ང་དྲུག་པ་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་སྤྱི་ལོ་ (༡༨༢༠) ལོའི་ཟླ་བ་དང་པོའི་ཚེས་ཉེར་བརྒྱད་ཉིན་སྡེ་དགེ་ལྷུན་གྲུབ་སྟེང་དུ་ཞི་བར་གཤེགས་པ་ཡིན་ནོ། །དེ་ནས་བར་སྐབས་ལོ་བཞིའི་རིང་བླ་བྲང་ཁག་རེས་མོས་ཀྱིས་ཞབས་དྲུང་ཁག་གིས་མཁན་ཚབ་མཛད་དོ། །

language:
Tibetan