- thar rtse brang ti paN chen nam mkha' dpal bzang
- ID:
- T232402
- ཐར་རྩེ་བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང (Tibetan, Tibetan script, Original)
- > thar rtse brang ti paN chen nam mkha' dpal bzang (Tibetan, Latin script, Transliteration-THL Extended Wylie Transliteration)
- > tartsé drangti penchen namkha pelzang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་བཅུ་གསུམ་པ་ཡིན། རབ་བྱུང་དགུ་པའི་ཤིང་ལུག་སྤྱི་ལོ་༡༥༣༥ལོར་ས་སྐྱའི་མདོ་བརྗོད་བཀྲ་ཤིས་གླིང་དུ་འཁྲུངས། བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་ཤིན་ཏུ་དུལ་ཞིང་དགུང་ལོ་ཉེར་བཞི་པར་རྗེ་སངས་རྒྱས་སེང་གེ་ལས་བསྙེན་པར་རྫོགས། ལོ་བཅུ་གཅིག་རིང་འབྲལ་མེད་དུ་བསྟེན་ནས་གསན་བསམ་མཛད། གཞན་དགེ་བའི་བཤེས་གཉེན་མཐའ་ཡས་པ་ལས་ཐོས་པ་བཙལ། མཁས་པའི་ཡང་རྩེར་སོན། དགུང་ལོ་ཞེ་ལྔ་པ་རབ་བྱུང་བཅུ་པའི་ས་ཡོས་སྤྱི་ལོ་༡༥༧༩ཟླ་ལྔ་པའི་ཚེས་གསུམ་ནས་གདན་ས་ཐེངས་དང་པོ་ལོ་གསུམ་མཛད། དེ་ནས་ཐར་རྩེར་སྐུ་མཚམས་མཛད། ལྕགས་སྟག་སྤྱི་ལོ་༡༥༩༠ལོའི་སྟོན་ནས་གདན་ས་ཐེངས་གཉིས་པ་ལོ་ལྔ་མཛད། མདོ་སྔགས་ཀྱི་འཆད་ཉན་རྒྱ་ཆེར་མཛད། དགུང་ལོ་རེ་བརྒྱད་པ་ཆུ་སྟག་སྤྱི་ལོ་༡༦༠༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བཞི་ལ་ཞི་བར་གཤེགས་པ་ཡིན་ནོ། །ཐར་རྩེ་པཎ་ཆེན་སྐབས་གདན་ས་འདིར་དགེ་འདུན་དགུ་བརྒྱ་ཙམ་ཡོད་པར་གསུངས་སོ། །
- language:
- Tibetan