- thig le dar ya kan
- ID:
- T232440
- ཐིག་ལེ་དར་ཡ་ཀན (Tibetan, Tibetan script, Original)
- > thig le dar ya kan (Tibetan, Latin script, Transliteration-THL Extended Wylie Transliteration)
- > tiklé dar ya ken (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དངུལ་ཆུའི་མིག་གི་གྲངས་ཤིག་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། ཆུ་སྨན་རལ་གྲི་རེག་གཅོད་དང་། བདུད་རྩི་དར་ཡ་ཀན་མཚལ་ཆུ། བསིལ་བྱེད་གངས་ཀྱི་ཁྱུང་རྒོད་དང་། ཐིག་ལེ་དར་ཡ་ཀན་ཟླ་བསིལ། གནམ་གྱི་བྱ་ཁྱུང་དཀར་པོ་དང་། དབང་ཕྱུག་ཐིག་ལེ་རབ་གཡོ་བ། ཟུག་རྔུ་ཞི་བྱེད་ཆུའི་སྨན་དཀར། བསིལ་ཆེན་གངས་ཀྱི་ཆུ་རྒྱུན་དང་། ཀུནྡའི་རང་བཞིན་ཟླ་གཟུགས་ཅན། ལྕགས་ཀྱི་དུར་ཕག་སྔོན་པོ་དང་། འབིགས་བྱེད་རྒྱལ་མཚལ་གྱི་བུ། བདུད་རྩི་གངས་ཀྱི་སེང་གེ་དང་། བདུད་རྩི་དར་ཀན་བདུད་རྩིའི་རྒྱུན། གནམ་ལྕགས་རྡོ་ཧ་ཁྲབ་རིང་དང་། མཚལ་སྐྱེས་བདུད་རྩི་ཟླ་བའི་ཟིལ། དུག་རལ་འབར་བ་རྩེ་དགུ་དང་། བདུད་རྩི་བདུད་རྒྱལ་བཅུད་ཀྱིས་ལེན། རྫས་ཀྱི་རྡོ་རྗེ་ཕ་ལམ་རྣམས། དངུལ་ཆུའི་གབ་མིང་ཤེས་པར་གྱིས། ཞེས་གསུངས་པ་ལྟར་རོ། །
- language:
- Tibetan