- thu lu hun
- ID:
- T232466
- ཐུ་ལུ་ཧུན (Tibetan, Tibetan script, Original)
- > thu lu hun (Tibetan, Latin script, Transliteration-THL Extended Wylie Transliteration)
- > tu lu hün (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ཕལ་ཆེར། རྒྱ་སྐད་དུ་ཐུ་ཡུ་ཧུན(吐谷浑ཡང་ན吐浑)ཞེས་པ་དེ་ཡིན་འདྲ་སྙམ་ཞིང་།《དེབ་ཐེར་དམར་པོ》ལྕགས་དཔར་མ་ཤོག་གྲངས་༢༤པའི་ཐོག། ཐུ་ལུ་ཧུན་ནི་ཧོར་སེར་ཡིན་ཞེས་བཤད་པ་ལྟར་ན། ཐུ་ལུ་ཧུན་ནི་སྔ་རབས་ཀྱི་མི་རིགས་གྲས་ཤིག་ཡིན་ཅིང་། ཐོག་མར་ཞན་པེའི(鲜卑)མི་རིགས་ཀྱི་ཆ་ཤས་ཅིག་ཡིན་པ་དང་། རང་རྒྱལ་བྱང་ཤར་ལེའོ་ཉིང་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པའི་འབྲོག་པའི་ཚོ་ཁག་ཅིག་ཡིན་རུང་། ཅིན་ནུབ་མའི་རྒྱལ་རབས་ཀྱི་མཇུག་དུས་རབས་བཞི་པའི་མགོར། མི་རིགས་དེའི་འགོ་པ་ཐུ་ཡུ་ཧུན་གྱིས་སྣེ་ཁྲིད་ནས་ནུབ་ཕྱོགས་སུ་སྤོས་ཏེ་དེང་སང་གི་ཀན་སུའུ་དང་། མཚོ་སྔོན་བར་གྱི་ས་ཁུལ་དུ་གནས་སྡོད་བྱས་ ཤིང་། རྒྱ་ཡིག་བེད་སྤྱོད་བྱེད་ཀྱི་ཡོད། ལྷོ་བྱང་རྒྱལ་རབས་ཀྱི་སྐབས་སུ་རིམ་བཞིན་སུང་། ཆིས། ཝེད་བྱང་མ་བཅས་ཀྱི་མངའ་ཁོངས་སུ་གཏོགས་པ་ལ། ཐང་རྒྱལ་རབས་ཀྱི་སྐབས་སུ་ཐང་ལ་ངོ་ལོག་བྱད་སྟབས་དམག་དྲངས་ཏེ་མངའ་འོག་ཏུ་བསྡུས།
- language:
- Tibetan
2. Thupten Phuntsok Dictionary
འདི་ཕལ་ཆེར། རྒྱ་སྐད་དུ་ཐུ་ཡུ་ཧུན་ཡང་ན་ཞེས་པ་དེ་ཡིན་འདྲ་སྙམ་ཞིང་། དེབ་ཐེར་དམར་པོ》ལྕགས་དཔར་མ་ཤོག་གྲངས༢༤པའི་ཐོག ཐུ་ལུ་ཧུན་ནི་ཧོར་སེར་ཡིན་ཞེས་བཤད་པ་ལྟར་ན། ཐུ་ལུ་ཧུན་ནི་སྔ་རབས་ཀྱི་མི་རིགས་གྲས་ཤིག་ཡིན་ཅིང་། ཐོག་མར་ཞན་པེའི་མི་རིགས་ཀྱི་ཆ་ཤས་ཅིག་ཡིན་པ་དང་། ཀྲུང་གོའི་བྱང་ཤར་ལེའོ་ཉིང་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པའི་འབྲོག་པའི་ཚོ་ཁག་ཅིག་ཡིན་རུང་། ཅིན་ནུབ་མའི་རྒྱལ་རབས་ཀྱི་མཇུག་དུས་རབས་བཞི་པའི་མགོར། མི་རིགས་དེའི་འགོ་པ་ཐུ་ཡུ་ཧུན་གྱིས་སྣེ་ཁྲིད་ནས་ནུབ་ཕྱོགས་སུ་སྤོས་ཏེ་དེང་སང་གི་ཀན་སུའུ་དང་། མཚོ་སྔོན་བར་གྱི་ས་ཁུལ་དུ་གནས་སྡོད་བྱས་ཤིང་། རྒྱ་ཡིག་བེད་སྤྱོད་བྱེད་ཀྱི་ཡོད། ལྷོ་བྱང་རྒྱལ་རབས་ཀྱི་སྐབས་སུ་རིམ་བཞིན་སུང་། ཆིས། ཝེད་བྱང་མ་བཅས་ཀྱི་མངའ་ཁོངས་སུ་གཏོགས་པ་ལ། ཐང་རྒྱལ་རབས་ཀྱི་སྐབས་སུ་ཐང་ལ་ངོ་ལོག་བྱས་སྟབས་དམག་དྲངས་ཏེ་མངའ་འོག་ཏུ་བསྡུས།
- language:
- Tibetan