- thugs kyi rten
- ID:
- T232476
- ཐུགས་ཀྱི་རྟེན (Tibetan, Tibetan script, Original)
- > thugs kyi rten (Tibetan, Latin script, Transliteration-THL Extended Wylie Transliteration)
- > tuk kyi ten (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མཆོད་རྟེན་རྣམས་ཡིན། དེ་ཡང་མཆོད་རྟེན་གྱིས་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་རྟོགས་པའི་ཡོན་ཏན་མཚོན་པ་སྟེ། བད་ཆུང་གིས་རྗེས་སུ་དྲན་པ་དྲུག་མཚོན་པ་དང་། དེ་བཞིན་དུ་བད་ཆེན་གྱིས་དགེ་བ་བཅུ། རྨང་དགེས་ཚད་མེད་བཞི། བང་རིམ་བཞིས་དྲན་པ་ཉེར་བཞག་བཞི་དང་། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་པོ་ལྔ་བཅས། བུམ་གདན་པདྨས་སྟོབས་ལྔ། བུམ་པས་བྱང་ཆུབ་ཡན་ལག་བདུན། བྲེས་འཕགས་ལམ་ཡན་ལག་བརྒྱད། ཆོས་འཁོར་བཅུ་གསུམ་གྱིས་སྟོབས་བཅུ་དང་དྲན་པ་ཉེ་བར་བཞག་པ་གསུམ། གདུགས་ཀྱིས་ཐུགས་རྗེ་ཆེན་པོ། ཉི་མ་དང་ཟླ་བས་བྱང་ཆུབ་ཀྱི་སེམས་གཉིས། ནོར་བུའི་ཏོག་གིས་ཆོས་སྐུ་རྣམ་པ་ཐམས་ཅད་མཁྱེན་པ་མཚོན་པ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
མཆོད་རྟེན་རྣམས་ཡིན། དེ་ཡང་མཆོད་རྟེན་གྱིས་སངས་རྒྱས་རྣམས་ཀྱི་ཐུགས་རྒྱུད་ཀྱི་རྟོགས་པའི་ཡོན་ཏན་མཚོན་པ་སྟེ། བད་ཆུང་གིས་རྗེས་སུ་དྲན་དྲུག་མཚོན་པ་དང་། དེ་བཞིན་དུ་བད་ཆེན་གྱིས་དགེ་བ་བཅུ། རྨང་དགེས་ཚད་མེད་བཞི། བང་རིམ་བཞིས་དྲན་པ་ཉེར་བཞག་བཞི་དང་། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་པོ་ལྔ་བཅས། བུམ་གདན་པདྨས་སྟོབས་ལྔ། བུམ་པས་བྱང་ཆུབ་ཡན་ལག་བདུན། བྲེས་འཕགས་ལམ་ཡན་ལག་བརྒྱད། ཆོས་འཁོར་བཅུ་གསུམ་གྱིས་སྟོབས་དང་དྲན་པ་ཉེ་བར་བཞག་པ་གསུམ། གདུགས་ཀྱིས་ཐུགས་རྗེ་ཆེན་པོ། ཉི་མ་ཟླ་བས་བྱང་ཆུབ་ཀྱི་སེམས་གཉིས། ནོར་བུའི་ཏོག་གིས་ཆོས་སྐུ་རྣམ་པ་ཐམས་ཅད་མཁྱེན་པའི་མཚོན་པ་ཡིན།
- language:
- Tibetan