- thugs rje chen po mched lnga
- ID:
- T232491
- ཐུགས་རྗེ་ཆེན་པོ་མཆེད་ལྔ (Tibetan, Tibetan script, Original)
- > thugs rje chen po mched lnga (Tibetan, Latin script, Transliteration-THL Extended Wylie Transliteration)
- > tukjé chenpo ché nga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ། སྔར་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་བལ་ཡུལ་གྱི་ནགས་ཚལ་ཞིག་གི་ཙན་དན་སྡོང་པོའི་ནང་ན་འཕགས་པ་ཐུགས་རྗེ་ཆེན་པོ་མཆེད་ལྔ་བཞུགས་པ་དང་། རྒྱལ་པོས་སྤྲུལ་པའི་དགེ་སློང་ཨ་ཀ་མ་ཏི་ཤི་ལ་བཏང་ནས་གདན་དྲངས་པ་ལས་སྐུ་བརྙན་ལྔ་པོ་སོ་སོས་གསུང་བྱོན་པ་ལྟར་གཅིག་བལ་ཡུལ་མཐིལ་དུ་བཞུགས་པ་འཕགས་པ་དབུ་ཁང་། གཅིག་རྒྱ་གར་དང་བལ་ཡུལ་མཚམས་སུ་བཞུགས་པ་འཕགས་པ་འཇའ་མ་ལི། གཅིག་བལ་བོད་ཀྱི་མཐའ་མཚམས་ཤིག་ཏུ་བཞུགས་པ་བྷུ་ྐ། གཅིག་མངའ་རིས་མང་ཡུལ་དུ་བཞུགས་པ་འཕགས་པ་ཝ་ཏི། གཅིག་སྲོང་བཙན་སྒམ་པོའི་ཐུགས་དམ་རྟེན་དུ་བྱོན་པ་འཕགས་པ་ལོ་ཀེེ་ཤྭ་ར་བཅས་ལྔ་པོ་དེ་ཡིན། ཞིབ་པར《ཆོས་འབྱུང་མཁས་པའི་དགའ་སྟོན》དང་། 《རྒྱལ་རབས་གསལ་བའི་མེ་ལོང》གཉིས་སུ་གསལ། གཞན་ཡང་ལོ་རྒྱུས་མང་ཆེ་བའི་ནང་རང་བྱུང་འཕགས་པ་མཆེད་བཞི་མ་གཏོགས་མཆེད་ལྔ་ཡོད་པ་མི་གསལ་བ་དེ་ནི་བལ་ཡུལ་དང་བོད་ཀྱི་མཐའ་ཞིག་ཏུ་བཞུགས་པའི་འཕགས་པ་བྷུ་ྐ་ཞེས་པ་འདི་མི་གསལ་བ་དེ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
བོད་ཀྱི་རྒྱུས་ཐོག་བཤད་སྲོལ་ལ། སྔར་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་བལ་ཡུལ་གྱི་ནགས་ཚལ་ཞིག་གི་ཙན་དན་སྡོང་པོའི་ནང་ན་འཕགས་པ་ཐུགས་རྗེ་ཆེན་པོ་མཆེད་ལྔ་བཞུགས་པ་དང་། རྒྱལ་པོས་སྤྲུལ་པའི་དགེ་སློང་ཨ་ཀ་མ་ཏི་ཤི་ལ་བཏང་ནས་གདན་དྲངས་པ་ལས་སྐུ་བརྙན་ལྔ་པོ་སོ་སོས་གསུང་བྱོན་པ་ལྟར་གཅིག་བལ་ཡུལ་མཚམས་སུ་བཞུགས་པ་འཕགས་པ་འཇའ་མ་ལི། གཅིག་བལ་བོད་ཀྱི་མཐའ་མཚམས་ཤིག་ཏུ་བཞུགས་པ་བྷུ་ཀམ། གཅིག་མངའ་རིས་མང་ཡུལ་དུ་བཞུགས་པ་འཕགས་པ་ཝ་ཏི། གཅིག་སྲོང་བཙན་སྒམ་པོའི་ཐུགས་དམ་རྟེན་དུ་བྱོན་པ་འཕགས་པ་ལོ་ཀཻ་ཤྭ་ར་བཅས་ལྔ་པོ་དེ་ཡིན། ཞིབ་པར་ཆོས་འབྱུང་མཁས་པའི་དགའ་སྟོན་དང་། རྒྱལ་རབས་གསལ་བའི་མེ་ལོང་གཉིས་སུ་གསལ། གཞན་ཡང་ལོ་རྒྱུས་མང་ཆེ་བའི་ནང་རང་བྱུང་འཕགས་པ་མཆེད་བཞི་མ་གཏོགས་མཆེད་ལྔ་ཡོད་པ་མི་གསལ་བ་དེ་ནི་བལ་ཡུལ་དང་བོད་ཀྱི་མཐའ་ཞིག་ཏུ་བཞུགས་པའི་འཕགས་པ་བྷུ་ཀཾ་ཞེས་པ་འདི་མི་གསལ་བ་དེ་ཡིན།
- language:
- Tibetan