- thun min dbang phyug brgyad
- ID:
- T232521
- ཐུན་མིན་དབང་ཕྱུག་བརྒྱད (Tibetan, Tibetan script, Original)
- > thun min dbang phyug brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
- > tünmin wangchuk gyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྐུ་དཔག་ཏུ་མེད་པ་ཅིག་ཅར་སྟོན་པ་སྐུའི་དབང་ཕྱུག སེམས་ཅན་ཐམས་ཅད་ཀྱི་སྐད་དུ་ཆོས་ཅིག་ཅར་སྟོན་པ་གསུང་གི་དབང་ཕྱུག རྟོག་པ་མེད་བཞིན་དུ་ཤེས་བྱ་ཐམས་ཅད་མཁྱེན་པ་ཐུགས་ཀྱི་དབང་ཕྱུག ལྷུན་གྱིས་གྲུབ་པའི་རྫུ་འཕྲུ་མཐའ་ཡས་པ་སྟོན་པ་རྫུ་འཕྲུལ་གྱི་དབང་ཕྱུག ཡུལ་དུས་གནས་སྐབས་ཐམས་ཅད་དུ་ཁྱབ་པ་ཀུན་འགྲོའི་དབང་ཕྱུག སྟོབས་སོགས་ཡོན་ཏན་གྱི་གནས་སུ་གྱུར་པས་གནས་ཀྱི་དབང་ཕྱུག བཞེད་ཙམ་གྱིས་དོན་ཐམས་ཅད་འགྲུབ་པ་ནི་འདོད་པའི་དབང་ཕྱུག གདུལ་བྱ་མུ་མེད་པ་རྣམས་ལ་བྱང་ཆུབ་གསུམ་པོ་རྒྱུད་ལ་སྐྱེ་བ་ཕྲིན་ལས་ཀྱི་དབང་ཕྱུག་རྣམས་སོ། །
- language:
- Tibetan