Skip to main content Skip to search
thun mong mkhris pa
ID:
T232523
  • ཐུན་མོང་མཁྲིས་པ (Tibetan, Tibetan script, Original)
    • > thun mong mkhris pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tünmong tripa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ནད་གཞི་མཁྲིས་པ་དང་། མེ་དྲོད་མཁྲིས་པ། སྣོད་ཀྱི་མཁྲིས་པ་གསུམ་གྱི་སྤྱི་མིང་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཐུན་མོང་མཁྲིས་པ་ནི། ནད་གཞི་མེ་དྲོད་སྣོད་མཁྲིས་གསུམ་གྱི་མིང་སྟེ། དེ་གསུམ་ལ་ཅིའི་ཕྱིར་ཐུན་མོང་མཁྲིས་པ་ཞེས་བརྗོད་དམ་སྙམ་ན། ནད་གཞི་མཁྲིས་པ་ཞེས་ལུས་ཀྱི་དྲོད་ཁམས་ཀྱི་མིང་ཡིན་པ་དང་། མེ་དྲོད་མཁྲིས་པ་ཞེས་ཕོ་བའི་མེ་དྲོད་མཁྲིས་པ་འཇུ་བྱེད་ཀྱི་མིང་ཡིན་པ། སྣོད་ཀྱི་མཁྲིས་པ་ཞེས་མཆིན་འདབས་མཁྲིས་ཐུམ་གྱི་ཆ་ཤས་རང་རང་གི་གནས་སུ་ལས་བྱེད་པའི་ཕྱིར་བྱེ་བྲག་གི་མཁྲིས་པ་ཞེས་བརྗོད་ཅིང་། དེ་གསུམ་གས་ལུས་ཀྱི་ཆ་ཤས་རང་རང་གི་གནས་སུ་ལས་བྱེད་པའི་ཕྱིར་བྱེ་བྲག་གི་མཁྲིས་པ་ཞེས་བརྗོད་ཅིང་། དེ་གསུམ་གས་ལུས་ཀྱི་མེ་ཁམས་དང་མཐུན་པའི་ཐུན་མོང་གི་ལས་བྱེད་པའི་ཕྱིར་ཐུན་མོང་གི་མཁྲིས་པ་ཞེས་བརྗོད་པ་ཡིན་ནོ། །

language:
Tibetan