- thun mong gi grub rtags brgyad
- ID:
- T232525
- ཐུན་མོང་གི་གྲུབ་རྟགས་བརྒྱད (Tibetan, Tibetan script, Original)
- > thun mong gi grub rtags brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
- > tünmonggi druptak gyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་ཀྱི་གཞུང་ནས་བཤད་ཚུལ་ལ་གསང་སྔགས་བླ་མེད་ཀྱི་ལམ་བསྒོམས་ནས་བསྐྱེད་རིམ་མཐར་ཕྱིན་པ་ན་ཕྱིའི་རྟགས་མཚན་དུ་ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ་པ་འབྱུང་སྟེ། ༡.རིལ་བུའི་དངོས་གྲུབ། ༢.མིག་སྨན་གྱི་དངོས་གྲུབ། ༣.ས་འོག་གི་དངོས་གྲུབ། ༤.རལ་གྲིའི་དངོས་གྲུབ། ༥.རྐང་མགྱོགས་ཀྱི་དངོས་གྲུབ། ༦.མི་སྣང་བའི་དངོས་གྲུབ། ༧.འཆི་མེད་ཀྱི་དངོས་གྲུབ། ༨.ནང་འཇོམས་པའི་དངོས་གྲུབ་བཅས་བརྒྱད་ཀ་ཐོབ་པའམ་གང་ཡང་རུང་བ་ཐོབ་པ་འབྱུང་བའམ། ཡང་ན། ལྟ་སྟངས་ཀྱི་དངོས་གྲུབ་བརྒྱད(གོང་དུ་ལྟ་སྟངས་ཀྱི་དངོས་གྲུབ་བརྒྱད་ཅེས་པར་གཟིགས)ཀྱི་ནུས་པ་ཁོང་དུ་ཆུད་ཚེ་གསང་སྔགས་བླ་ན་མེད་པའི་ལམ་གྱི་གནས་ཚད་རིམ་པ་དྲུག་གི་ནང་ནས་དང་པོ་མཐར་ཕྱིན་པའི་ཚད་གཞི་ཡིན་ཞེས་བཤད་སྲོལ་ཡོད།
- language:
- Tibetan
2. Thupten Phuntsok Dictionary
གསང་སྔགས་ཀྱི་གཞུང་ནས་བཤད་ཚུལ་ལ་གསང་སྔགས་བླ་མེད་ཀྱི་ལམ་བསྒོམས་ནས་བསྐྱེད་རིམ་མཐར་ཕྱིན་པ་ན་ཕྱིའི་རྟགས་མཚན་དུ་ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ་པ་འབྱུང་སྟེ། ༡ རིལ་བུའི་དངོས་གྲུབ། ༢ མིག་སྨན་གྱི་དངོས་གྲུབ། ༣ ས་འོག་གི་དངོས་གྲུབ། ༤ རལ་གྲིའི་དངོས་གྲུབ། ༥ རྐང་མགྱོགས་ཀྱི་དངོས་གྲུབ། ༦ མི་སྣང་བའི་དངོས་གྲུབ། ༧ འཆི་མེད་ཀྱི་དངོས་གྲུབ། ༨ ནད་འཇོམས་པའི་དངོས་གྲུབ་བཅས་བརྒྱད།
- language:
- Tibetan