- thun mong gi rnal 'byor bcu
- ID:
- T232529
- ཐུན་མོང་གི་རྣལ་འབྱོར་བཅུ (Tibetan, Tibetan script, Original)
- > thun mong gi rnal 'byor bcu (Tibetan, Latin script, Transliteration-THL Extended Wylie Transliteration)
- > tünmonggi nenjor chu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
༡.རྣལ་འབྱོར་ཙམ། ༢.མིང་ཙམ་གྱི་རྣལ་འབྱོར། ༣.འདུན་པའི་རྣལ་འབྱོར། ༤.ལས་དང་པོ་བའི་རྣལ་འབྱོར། ༥.རིགས་ཆེན་འབྱེད་པའི་རྣལ་འབྱོར། ༦.སྤྱོད་པའི་རྣལ་འབྱོར། ༧.རྣམ་པར་སྨིན་པའི་རྣལ་འབྱོར། ༨.ལུང་ཆེན་ཐོབ་པའི་རྣལ་འབྱོར། ༩.མཚན་མ་རྟགས་ཀྱི་རྣལ་འབྱོར། ༡༠.འགྲོ་བ་འདྲེན་པའི་རྣལ་འབྱོར་དང་བཅུའོ། །མ་ཎི་བཀའ་འབུམ་ལས། ཐུན་མོང་གི་རྣལ་འབྱོར་བཅུ་ལ། རྣལ་འབྱོར་ཙམ་ནི་ཆོས་ལ་ཞུགས་པ་ཙམ་ལ་བྱ། མིང་ཙམ་གྱི་རྣལ་འབྱོར་ནི་ཆོས་ལ་མོས་པ་ལ་བྱ། འདུན་པའི་རྣལ་འབྱོར་ནི་ཐེག་པ་མཆོག་ལ་མོས་ཤིང་གུས་པ་ལ་བྱ། ལས་དང་པོ་བའི་རྣལ་འབྱོར་ནི་དགེ་སྡིག་གཉིས་འབྱེད་ཤེས་པ་ལ་བྱ། རིགས་ཆེན་འབྱེད་པའི་རྣལ་འབྱོར་ནི་ཐེག་པ་ཆེ་ཆུང་གི་བྱེ་བྲག་བྱེད་པ་ལ་བྱ། སྤྱོད་པའི་རྣལ་འབྱོར་ནི་ཅི་བྱེད་ཆོས་སྤྱོད་ལས་མ་གཡེང་བ་ལ་བྱ། རྣམ་པར་སྨིན་པའི་རྣལ་འབྱོར་ནི་ཆོས་ཀྱི་སྒོར་ཞུགས་ནས་རྒྱུ་འབྲས་ལ་ཡིད་ཆེས་པ་ལ་བྱ། ལུང་ཆེན་ཐོབ་པའི་རྣལ་འབྱོར་ནི་ཆོས་ཀྱི་བཀའ་ལུང་མན་ངག་ཐོབ་པ་ལ་བྱ། མཚན་མ་རྟགས་ཀྱི་རྣལ་འབྱོར་ནི་ལུས་ངག་ཡིད་གསུམ་ཐ་མལ་གྱི་ཤེས་པ་ལ་ལོག་པ་ལ་བྱ། འགྲོ་བ་འདྲེན་པའི་རྣལ་འབྱོར་ནི་ཆོས་ཀྱི་འགྲོ་དོན་གང་ལ་གང་འོས་སུ་མཛད་པ་ལ་བྱའོ། །ཞེས་གསུངས་སོ། །
- language:
- Tibetan
2. Thupten Phuntsok Dictionary
༡ རྣལ་འབྱོར་ཙམ། ༢ མིང་ཙམ་གྱི་རྣལ་འབྱོར། ༣ འདུན་པའི་རྣལ་འབྱོར། ༤ ལས་དང་པོ་བའི་རྣལ་འབྱོར། ༥ རིགས་ཆེན་འབྱེད་པའི་རྣལ་འབྱོར། ༦ སྤྱོད་པའི་རྣལ་འབྱོར། ༧ རྣམ་པར་སྨིན་པའི་རྣལ་འབྱོར། ༨ ལུང་ཆེན་ཐོབ་པའི་རྣལ་འབྱོར། ༩ མཚན་མ་རྟགས་ཀྱི་རྣལ་འབྱོར། ༡༠ འགྲོ་བ་འདྲེན་པའི་རྣལ་འབྱོར་དང་བཅུའོ། །
- language:
- Tibetan