Skip to main content Skip to search
thun mong gi yon tan brgyad
ID:
T232532
  • ཐུན་མོང་གི་ཡོན་ཏན་བརྒྱད (Tibetan, Tibetan script, Original)
    • > thun mong gi yon tan brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tünmong gi yönten gyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སའི་ཡོན་ཏན་གྱིས་སྲེད་མེད་བུའི་སྟོབས། ཆུའི་ཡོན་ཏན་གྱིས་མེས་མི་ཚིག མེའི་ཡོན་ཏན་གྱིས་དངོས་པོ་ཐམས་ཅད་དབྱེན་སྡུད་ནུས་ཤིང་ཆུས་མི་འཇིགས། རླུང་གི་ཡོན་ཏན་གྱིས་འཕུར་བ། བསྐལ་པར་གནས་པ་ཐམས་ཅད་ཀུན་ཏུ་སོན་པའི་ཡོན་ཏན་གྱིས་སྐུའི་སྒོ་དགུ་འགགས་པས་བུ་ག་དགུའི་རྒྱུ་བ་ཆད། འདོད་དགུར་བསྒྱུར་པའི་ལུས་གྲུབ། གསུང་གི་སྒོ་བཞི་འགགས་པས་ཡན་ལག་དྲུག་ཅུའི་དབྱངས་ཐོབ། ཐུགས་ཀྱི་སྒོ་སྙིང་ཁ་ནས་ཇི་ལྟ་བ་རྟོགས་ཏེ། དབང་ཕྱུག་གི་ཡོན་ཏན་བརྒྱད། ཁ་སྦྱོར་གྱི་ཡོན་ཏན་བདུན་སོགས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་རེག་པ་སོགས་ལམ་རྫོགས་པའོ། །

language:
Tibetan

2. Thupten Phuntsok Dictionary

སའི་ཡོན་ཏན་གྱིས་སྲེད་མེད་བུའི་སྟོབས། ཆུའི་ཡོན་ཏན་གྱིས་མེས་མི་ཚིག མེའི་ཡོན་ཏན་གྱིས་དངོས་པོ་ཐམས་ཅད་དབྱེན་སྡུད་ནུས་ཤིང་ཆུའི་འཇིགས། རླུང་གི་ཡོན་ཏན་གྱི་འཕུར་བ། བསྐལ་པར་གནས་པ་ཐམས་ཅད་ཀུན་ཏུ་སོན་པའི་ཡོན་ཏན་གྱིས་སྐུའི་སྒོ་དགུ་འགགས་པས་བུ་ག་དགུའི་རྒྱུ་བ་ཆད། འདོད་དགུར་བསྒྱུར་པའི་ལུས་གྲུབ། གསུང་གི་སྒོ་བཞི་འགགས་པས་ཡན་ལག་དྲུག་བཅུའི་དབྱངས་ཐོབ། ཐུགས་ཀྱི་སྒོ་སྙིང་ཁ་ནས་ཇི་ལྟ་བ་རྟོགས་ཏེ། དབང་ཕྱུག་གི་ཡོན་ཏན་བརྒྱད། ཁ་སྦྱོར་གྱི་ཡོན་ཏན་བདུན་སོགས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་རེག་པ་སོགས་ལམ་རྫོགས་པའོ། །

language:
Tibetan