Skip to main content Skip to search
thun gsum ril bu
ID:
T232548
  • ཐུན་གསུམ་རིལ་བུ (Tibetan, Tibetan script, Original)
    • > thun gsum ril bu (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tün sum rilbu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཚྭ་སྣ་རྣམས་ཐུན་གཅིག་དང་། འབྲས་བུ་གསུམ་ཐུན་གཅིག ཚ་བ་གསུམ་ཐུན་གཅིག་བྱས་པའི་སྦྱོར་སྡེའི་སྨན་གྱི་མིང་སྟེ། ཕྱི་མ་འཕྲིན་ལས་རྒྱུད་ལས། རྒྱ་ཚྭ་རྒྱམ་ཚྭ་ལྕེ་མྱང་ཁ་རུ་ཚྭ། ཙབས་རུ་ཚྭ་དང་རྭ་ཚྭ་ཤིང་ཚ་དང་། མཛེ་ཚྭ་ཐལ་ཚྭ་ཡ་བཀྵ་ར་དང་། ཚ་བ་གསུམ་དང་འབྲས་བུ་གསུམ་པོ་རྣམས། ཐུན་གསུམ་ཆ་མཉམ་བུ་རམ་རིལ་བུ་དྲིལ། ལྷེན་སྐྲན་མངལ་སྐྲན་ཁྲག་སྐྲན་ཐལ་བར་རློག ཅེས་གསུངས་པ་ལྟར་རོ། །

language:
Tibetan