- thub pa'i bstan pa lnga stong gnas pa
- ID:
- T232561
- ཐུབ་པའི་བསྟན་པ་ལྔ་སྟོང་གནས་པ (Tibetan, Tibetan script, Original)
- > thub pa'i bstan pa lnga stong gnas pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > tubpé tenpa nga tong nepa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལུགས་འཇིག་རྟེན་ཐོག་གནས་པའི་གནས་ཚད་ལ་ལོ་ལྔ་སྟོང་ཡོད་པ་དང་། དེ་ནས་ཆོས་ལུགས་རྩ་མེད་དུ་ཉམས་པར་འགྱུར་བ་དང་། ལོ་ལྔ་སྟོང་དེ་ཡང་ལོ་ལྔ་བརྒྱ་ཚན་པ་བཅུར་བགོས་པའི་ཚན་པ་དང་པོ་གསུམ་ལ་རིམ་པ་བཞིན་དུ་དགྲ་བཅོམ་པ་དང་། ཕྱིར་མི་འོང་དང་། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་མང་དུ་འབྱུང་བས་ན། དགྲ་བཅོམ་པའི་ལེའུ་དང་། ཕྱིརམི་འོང་གི་ལེའུ་དང་། རྒྱུན་དུ་ཞུགས་པའི་ལེའུ་བཅས་འབྲས་བུའི་ལེའུ་གསུམ་དང་། དེ་རྗེས་ལྔ་བརྒྱ་ཚན་པ་བར་པ་གསུམ་ལ་རིམ་པ་བཞིན་དུ་ལྷག་མཐོང་དང་། ཏིང་ངེ་འཛིན་དང་། ཚུལ་ཁྲིམས་དང་ལྡན་པ་མང་དུ་འབྱུང་བས་ལྷག་མཐོང་གི་ལེའུ་དང་། ཏིང་ངེ་འཛིན་གྱི་ལེའུ་དང་། ཚུལ་ཁྲིམས་ཀྱི་ལེའུ་བཅས་སྒྲུབ་པའི་ལེའུ་གསུམ་དང་། དེ་རྗེས་ལྔ་བརྒྱ་ཚན་པ་ཕྱི་མ་གསུམ་ལ་རིམ་བཞིན་ཆོས་མངོན་པ་དང་། མདོ་སྡེ་དང་འདུལ་བ་སྟོན་པ་མང་དུ་འབྱུང་བས་མངོནཔའི་ལེའུ་དང་། མདོ་སྡེའི་ལེའུ་དང་། འདུལ་བའི་ལེའུ་བཅས་ལུང་གི་ལེའུ་གསུམ་དང་། དེ་རྗེས་ཐ་མའི་ལོ་ལྔ་བརྒྱ་ནི་རབ་བྱུང་གི་རྟགས་ཙམ་མ་གཏོགས་ལྟ་སྤྱོད་དངོས་དང་མི་ལྡན་པས་རྟགས་ཙམ་འཛིན་པའི་ལོ་ལྔ་བརྒྱ་བཅས་ཁྱོན་བསྡོམས་ལྔ་བརྒྱ་ཚན་པ་བཅུ་ལ་ལོ་ལྔ་སྟོང་ཡོད་ཅིང་། དེ་ནས་འཇིག་རྟེན་དུ་ལོ་དུང་ཕྱུར་མང་པོའི་བར་སངས་རྒྱས་ཆོས་ལུགས་ཀྱི་མིང་ཙམ་ཡང་མེད་པའི་དུས་ཡིན་པར་སངས་རྒྱས་རང་ཉིད་ཀྱིས་ལུང་བསྟན་པ་ཡིན་ཞེས་བཤད་སྲོལ་འདུག
- language:
- Tibetan
2. Thupten Phuntsok Dictionary
སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལུགས་འཇིག་རྟེན་ཐོག་གནས་པའི་གང་གནས་ཚད་ལ་ལོ་ལྔ་སྟོང་ཡོད་པ་དང་། དེ་ནས་ཆོས་ལུགས་རྩ་མེད་དུ་ཉམས་པར་འགྱུར་བ་དང་། ལོ་ལྔ་སྟོང་དེ་ཡང་ལོ་ལྔ་བརྒྱ་ཚན་པ་བཅུར་བགོས་པའི་ཚན་པ་དང་པོ་གསུམ་ལ་རིམ་པ་བཞིན་དུ་དགྲ་བཅོམ་པ་དང་། ཕྱིར་མི་འོང་དང་།རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་མང་དུ་འབྱུང་བས་ན། དགྲ་བཅོམ་པའི་ལེའུ་དང་། ཕྱིར་མི་འོང་གི་ལེའུ་དང་། རྒྱུན་དུ་ཞུགས་པའི་ལེའུ་བཅས་འབྲས་བུའི་ལེའུ་གསུམ་དང་། དེ་རྗེས་ལྔ་བརྒྱ་ཚན་པ་བར་པ་གསུམ་ལ་རིམ་པ་བཞིན་དུ་ལྷག་མཐོང་དང་། ཏིང་ངེ་འཛིན་དང་། ཚུལ་ཁྲིམས་དང་ལྡན་པ་མང་དུ་འབྱུང་བས་ལྷག་མཐོང་གི་ལེའུ་དང་། ཏིང་ངེ་འཛིན་གྱི་ལེའུ་དང་། ཚུལ་ཁྲིམས་ཀྱི་ལེའུ་བཅས་སྒྲུབ་པའི་ལེའུ་གསུམ་དང་། དེ་རྗེས་ལྔ་བརྒྱ་ཚན་པ་ཕྱི་མ་གསུམ་ལ་རིམ་བཞིན་ཆོས་མངོན་པ་དང་། མདོ་སྡེ་དང་འདུལ་བ་སྟོན་པ་མང་དུ་འབྱུང་བས་མངོན་པའི་ལེའུ་དང་། མདོ་སྡེའི་ལེའུ་དང་། འདུལ་བའི་ལེའུ་བཅས་ལུང་གི་ལེའུ་གསུམ་དང་། དེ་རྗེས་ཐ་མའི་ལོ་ལྔ་བརྒྱ་ནི་རབ་བྱུང་གི་རྟགས་ཙམ་མ་གཏོགས་ལྟ་སྤྱོད་དངོས་དང་མི་ལྡན་པས་རྟགས་ཙམ་འཛིན་པའི་ལོ་ལྔ་བརྒྱ་བཅས་ཁྱོན་བསྡོམས་ལྔ་བརྒྱ་ཚན་པ་བཅུ་ལ་ལོ་ལྔ་སྟོང་ཡོད་ཅིང་། དེ་ནས་འཇིག་རྟེན་དུ་ལོ་དུང་ཕྱུར་མང་པོའི་བར་སངས་རྒྱས་ཆོས་ལུགས་ཀྱི་མིང་ཙམ་ཡང་མེད་པའི་དུས་ཡིན་པར་སངས་རྒྱས་རང་ཉིད་ཀྱིས་ལུང་བསྟན་པ་ཡིན་ཞེས་བཤད་སྲོལ་འདུག
- language:
- Tibetan