Skip to main content Skip to search
the ge dgon
ID:
T232579
  • ཐེ་གེ་དགོན (Tibetan, Tibetan script, Original)
    • > the ge dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > té gé gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་བཅུ་དྲུག་པའི་ཤིང་བྱི་སྤྱི་ལོ་༡༩༨༤ལོར་ཁམས་སྐུ་ཆུང་སྐུ་ཕྲེང་བཞི་པ་ཐུབ་བསྟན་སེང་གེ་དཔལ་བཟང་ངམ་ཡོངས་གྲགས་སུ་ཨ་ལགས་བཟང་པོ་ཞེས་འདོད་པས་བཏབས། འདིའི་གོང་དུ་ཁམས་སྤྲུལ་སྐུ་ཕྲེང་གོང་མ་རྣམས་ཀྱི་གདན་ས་ནི། རྨ་ཆུའི་འགྲམས་ཀྱི་འཁྱིལ་ཁུག་ཅེས་པའི་ས་ཆ་དེར་ཡོད། སྤྱི་ལོ་༡༩༨༢ལོར་རྨ་ཆུ་བསྐྱིལ་ནས་ཆུ་མཛོད་བསྐྲུན་སྐབས་དགོན་པ་རང་མལ་དུ་བསྐྱར་གསོ་བྱ་ཐབས་མེད་པས་ད་ལྟའི་གནས་འདིར་གསར་འདེབས་བྱས། གྲུབ་མཐའ་རྙིང་མ་པ་ཡིན། ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆབ་ཆབ་རྫོང་ (གུང་ཧོ་རྫོང་) ཁོངས་སུ་ཡོད།

language:
Tibetan