- the bo sprul sku ye shes thub bstan rgya mtsho
- ID:
- T232580
- ཐེ་བོ་སྤྲུལ་སྐུ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ (Tibetan, Tibetan script, Original)
- > the bo sprul sku ye shes thub bstan rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > tewo tulku yeshe tubten gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ནི་རབ་བྱུང་བཅུ་གསུམ་པའི་མེ་སྟག(༡༨༠༦)ལོར་སྐུ་འཁྲུངས། སྐུ་གཞོན་དུས་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་མཛད། དགུང་ལོ་སོ་བཞི་ལ་ཕེབས་པ་ས་ཕག་ལོར་གོང་གི་བཀའ་བཞིན་མདོ་སྨད་ཡུལ་གྲུ་ཁག་ལ་རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་གསེར་སྡོང་བཞེངས་རྒྱུའི་ཆེད་འབུལ་སྡུད་མཁན་པོར་ཕེབས། རྗེ་འདིའི་སྐུ་ཕྲེང་རྗེས་མ་གསེར་ཏོག་བློ་བཟང་ཚུལ་ཁྲིམས་ཡིན། ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་མཆོག་གི་བཀའ་རྩོམ་ལ་མཚོན་ན། 《བྱང་ཆུབ་ལམ་གྱི་རིམ་པ་ཆུང་ངུའི་ཟིན་བྲིས་བློ་གསལ་རྒྱ་མཚོའི་འཇུག་ངོགས》ཞེས་པ་དང། 《གྲུབ་པའི་དབང་ཕྱུག་ཡེ་ཤེས་བསྟན་འཛིན་དཔལ་བཟང་པོ་བཀའ་དྲིན་ཅན་དེའི་རྣམ་པར་ཐར་པ་རྣམ་གྲོལ་འབྲས་བཟང་གྲུབ་པའི་དགའ་སྟོན》སོགས་པོད་འབྲིང་གཅིག་བཞུགས། དགུང་ལོ་ཞེ་གཅིག་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་མེ་རྟ(༡༨༤༦)ལོར་སྐུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ནི་རབ་བྱུང་བཅུ་གསུམ་པའི་མེ་སྟག (༡༨༠༦) ལོར་སྐུ་འཁྲུངས། སྐུ་གཞོན་དུས་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་མཛད། དགུང་ལོ་སོ་བཞི་ལ་ཕེབས་པ་ས་ཕག་ལོར་གོང་གི་བཀའ་བཞིན་མདོ་སྨད་ཡུལ་གྲུ་ཁག་ལ་རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་གསེར་སྡོང་བཞེངས་རྒྱུའི་ཆེད་འབུལ་སྡུད་མཁན་པོར་ཕེབས། རྗེ་འདིའི་སྐུ་ཕྲེང་རྗེས་མ་གསེར་ཏོག་བློ་བཟང་ཚུལ་ཁྲིམས་ཡིན། ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་མཆོག་གི་བཀའ་རྩོམ་ལ་མཚོན་ན། བྱང་ཆུབ་ལམ་གྱི་རིམ་པ་ཆུང་ངུའི་ཟིན་བྲིས་བློ་གསལ་རྒྱ་མཚོའི་འཇུག་ངོགས》ཞེས་པ་དང་། གྲུབ་པའི་དབང་ཕྱུག་ཡེ་ཤེས་བསྟན་འཛིན་དཔལ་བཟང་པོ་བཀའ་དྲིན་ཅན་དེའི་རྣམ་པར་ཐར་པ་རྣམ་གྲོལ་འབྲས་བཟང་གྲུབ་པའི་དགའ་སྟོན》སོགས་པོད་འབྲིང་གཅིག་བཞུགས། དགུང་ལོ་ཞེ་གཅིག་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་མེ་རྟག (༡༨༤༦) ལོར་སྐུ་གཤེགས།
- language:
- Tibetan