Skip to main content Skip to search
theg chen chos rje kun dga' bkra shis
ID:
T232596
  • ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས (Tibetan, Tibetan script, Original)
    • > theg chen chos rje kun dga' bkra shis (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tekchen chöjé kün ga tashi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ས་སྐྱའི་བླ་མ་ཆོས་རྗེ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་འདི་ཉིད་རབ་བྱུང་དྲུག་པའི་ས་མོ་གླང་ལ་འཁྲུངས། རང་ལོ་རེ་བཞི་པ་རབ་བྱུང་བདུན་པའི་ཆུ་མོ་སྦྲུལ་ལ་གོང་མའི་མདུན་དུ་བྱོན་ནས་ལོ་གཉིས་བཞུགས། ཏཱ་མིང་རྒྱལ་པོས་ཐེག་ཆེན་ཆོས་ཀྱི་རྒྱལ་པོར་མཚན་གསོལ། ཤིང་སྦྲུལ་ལོ་ལ་འདས།

language:
Tibetan

2. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་དྲུག་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ 1349 ལོར་ས་སྐྱའི་ལྷ་ཁང་ཆེན་མོའི་ཤར་དུ་ཡབ་ཏཱ་དབེན་ཆོས་ཀྱི་རྒྱལ་མཚན་དང་། ཡུམ་མ་གཅིག་རྒྱལ་མོ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1425 ལོར་སྐུ་གཤེགས། དགུང་ལོ་དྲུག་པར་ཡི་གེའི་འབྲི་ཀློག་སྦྱངས། དགུང་ལོ་བཅུ་དྲུག་པར་རབ་ཏུ་བྱུང་། དེ་ནས་སློབ་དཔོན་ཆོས་ཀྱི་སེང་གེ་ལས་ཚད་མ་སྡེ་བདུན་གསན། དགུང་ལོ་ཉེར་གཅིག་པར་དགེ་སློང་གི་སྡོམ་པ་མནོས། བདག་ཉིད་ཆེན་པོ་ལས་སེམས་བསྐྱེད་དང་། རྡོ་རྗེ་ཕུར་པ། གཤེད་དམར། དུས་འཁོར་སོགས་ཀྱི་སྒྲུབ་ཐབས་དང་དབང་ལུང་མན་ངག་རྗེས་གནང་དང་བཅས་པར་གསན། ཀུན་དགའ་རིན་ཆེན་དང་ཆོས་རྗེ་མ་ཏི་པཎ་ཆེན་སོགས་ལས་ཀྱེ་རྡོར། གསང་འདུས། བདེ་མཆོག གསུང་ངག་རིན་པོ་ཆེ་དང་འབྲེལ་གདམས་པ་ཟབ་མོ་རྣམས་ཐུགས་སུ་ཆུད་པར་མཛད། དེ་ནས་གནས་ངེས་མེད་དང་དགོན་ཁག་སོ་སོར་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། དགུང་ལོ་དྲུག་ཅུ་ཐམ་པར་གོང་མ་ཏཱ་མིང་རྒྱལ་པོས་ཕོ་བྲང་ཆེན་པོར་གདན་འདྲེན་ཞུས་པ་ལྟར་ཕེབས་ནས་ལོ་ངོ་གཉིས་ཀྱི་རིང་དུ་བཞུགས་ཏེ་རྒྱལ་བློན་[815]རྣམས་ལ་ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་བས་རྒྱལ་པོ་ཤིན་ཏུ་དགྱེས་ཏེ་ཁོང་ལ་ཀུན་མཁྱེན་ཡང་དག་པར་རིག་པ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། ནུབ་ཕྱོགས་ཀྱི་མཆོག་ཏུ་དགེ་བ། རྡོ་རྗེ་ཀུན་ཁྱབ། འོད་ཟེར་ཆེན་པོའི་སངས་རྒྱས་ཁྱབ་བདག་རྡོ་རྗེ་འཆང་ཞེས་པའི་མཚན་གསོལ་ནས་གསེར་གྱི་འཇའ་ས་དམ་ཁ་ཁྱད་པར་ཅན་གནང་། དེ་ནས་བོད་དུ་ཕེབས་ཏེ་དཔལ་ལྡན་ས་སྐྱའི་གདན་སར་བཞུགས་ཏེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་དར་ཞིང་རྒྱས་པར་མཛད་དོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་བླ་ཆེན་ཀུན་དགའ་རྒྱལ་མཚན་དང་། བློ་གྲོས་རྒྱལ་མཚན། འབྲི་གུང་རིན་པོ་ཆེ། ཐེལ་སྤྱན་སྔ་བ། སྟག་ལུང་ཆོས་རྗེ། ཆོས་རྗེ་རཏྣ་ཀ་ར། ཚལ་པ་རིན་པོ་ཆེ་བཅས་ཡིན། ཁོང་གི་གསུང་རྩོམ་ནི《དཔལ་དགེས་པ་རྡོ་རྗེའི་རྩ་རྒྱུད་ཀྱི་ཊཱིཀ་དག་ལྡན་སྙེ་མ》སོགས་རྣམ་བཤད་ཀྱི་སྐོར་དང་། 《དུས་འཁོར་གྱི་དཀྱིལ་འཁོར་ཡོངས་རྫོགས》 སོགས་ཀྱི་སྒྲུབ་ཐབས། 《སྨར་ཁྲིད་ཀྱི་ཁྲིད་ཡིག》སོགས་ཀྱི་སྐོར། 《བླ་མ་བརྒྱུད་པའི་གསོལ་འདེབས》། 《དཀའ་བའི་གནས་ཀྱི་དྲིས་ལན》《སྤྲིངས་ཡིག》། 《གདམས་པའི་སྐོར》 བཅས་ཤིན་ཏུ་མང་པོ་བཞུགས་སོ།།

language:
Tibetan