Skip to main content Skip to search
theg chen rigs can
ID:
T232605
  • ཐེག་ཆེན་རིགས་ཅན (Tibetan, Tibetan script, Original)
    • > theg chen rigs can (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tekchen rikchen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རིགས་ཅན་གསུམ་གྱི་ཡ་གྱལ་ཞིག་སྟེ། སྦྱོར་བ་ཅི་བྱེད་པའི་སྔོན་རོལ་ནས་སེམས་ཅན་ལ་སྙིང་རྗེ་སྐྱེ་བ་དང་། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་། དཀའ་བ་སྤྱོད་པ་ལ་ཇི་མི་སྙམ་དུ་བཟོད་པ་དང་། ཕ་རོལ་དུ་ཕྱིན་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཡང་དག་པར་སྤྱོད་པ་ལ་སྤྲོ་བའི་རིགས་ཅན་རྣམས་སོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་ཐེག་པ་ཆེན་པོའི་རིགས་ཅན་ཡིན་པའི་རྟགས་སུ་ཤེས་པར་བྱ་དགོས་པར་བསྟན་ནོ། །གཞན་ཡང་མདོ་ལས། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་པ་ལྟར་འབྲས་བུའི་རྟགས་ལས་རིགས་ཅན་འདི་ངེས་པ་ཡིན་ནོ། །

language:
Tibetan

2. Thupten Phuntsok Dictionary

རིགས་ཅན་གསུམ་གྱི་ཡ་གྱལ་ཞིག་སྟེ། སྦྱོར་བ་ཅི་བྱེད་པའི་སྔོན་རོལ་ནས་སེམས་ཅན་ལ་སྙིང་རྗེ་སྐྱེ་བ་དང་། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་། དཀའ་བ་སྤྱོད་པ་ལ་ཇི་མི་སྙམ་དུ་བཟོད་པ་དང་། ཕ་རོལ་དུ་ཕྱིན་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཡང་དག་པར་སྤྱོད་པ་ལ་སྤྲོ་བའི་རིགས་ཅན་རྣམས་སོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་ཐེག་པ་ཆེན་པོའི་རིགས་ཅན་ཡིན་པའི་རྟགས་སུ་ཤེས་པར་བྱ་དགོས་པར་བསྟན་ཏོ། །གཞན་ཡང་མདོ་ལས། དུ་བ་ལས་ནི་མེས་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། ཞེས་གསུངས་པ་ལྟར་འབྲས་བུའི་རྟགས་ལས་རིགས་ཅན་འདི་ངེས་པ་ཡིན་ནོ། །

language:
Tibetan