Skip to main content Skip to search
theg pa chen po'i gsung rab
ID:
T232610
  • ཐེག་པ་ཆེན་པོའི་གསུང་རབ (Tibetan, Tibetan script, Original)
    • > theg pa chen po'i gsung rab (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tekpa chenpö sung rab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སྙིང་རྗེ་ཆེན་པོ་དང་། བྱང་ཆུབ་ཀྱི་སེམས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཕར་ཕྱིན་དྲུག་བཅས་གཙོ་བོར་སྟོན་པའི་སངས་རྒྱས་ཀྱི་གསུང་རབ་དང་། དེའི་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་ལ་ཟེར། ཐེག་པ་ཆེ་ཆུང་ཞེས་པ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་སུ་ཞུགས་པའི་གང་ཟག་རྣམས་སྟོན་པ་ཉིད་ཀྱིས་སེམས་བསྐྱེད་ཀྱི་རིམ་པ་མཐོ་དམན་རིས་སུ་ཕྱེ་བའི་རྣམ་གཞག་ཅིག་སྟེ། སྤྱིར་ཐེག་པ་ཆེ་ཆུང་ཞེས་པ་ནི་གླང་པོ་ཆེ་ལ་སོགས་ཁུར་འཁྱེར་ནས་འགྲོ་བའི་བྱ་བ་ལ་ཟེར་བ་དེ་འདྲ་བ་རྒྱུ་མཚན་དུ་བྱས་ནས་བླ་ན་མེད་པ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག་ཏུ་བགྲོད་པར་བྱེད་པ་རྣམས་ལ་བཏགས་པའི་ཐ་སྙད་ཅིག་ཡིན་ཞིང་། དེའང་རང་གཞན་གཉིས་ཀའི་དོན་གྱི་ཁུར་ཆེན་པོ་ལྡན་པ་རྣམས་ཐེག་ཆེན་དང་། རང་དོན་འབའ་ཞིག་པའི་དོན་གྱི་ཁུར་ཆུང་ངུ་ལྡན་པ་རྣམས་ཐེག་དམན་དུ་བཞག་ལ། དེ་ལྟར་དབྱེ་ཚུལ་ཡང་གྲུབ་མཐའ་དང་སྐབས་མི་འདྲ་བ་སོ་སོར་མི་འདྲ་བ་མང་ཡང་། མདོ་སྡེ་རྒྱན་ལས། སྡེ་སྣོད་གསུམ་ནི་གསུམ་མམ་གཉིས་ཀྱང་རུང་། ཞེས་གསུངས་པ་ལྟར་ན་ཕལ་ཆེ་བའི་ལུགས་ལྟར་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་དུ་བསྡུས་ཀྱང་རུང་ཞིང་། ཡང་ན་གཉིས་ཏེ། ཉན་ཐོས་དང་རང་རྒྱལ་གྱི་ཐེག་པ་གཉིས་ལ་ཐེག་པ་ཆུང་བའམ་ཐེག་དམན་ཞེས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཐེག་ཆེན་ཞེས་གཉིས་སུ་བསྡུས་ཀྱང་རུང་ངོ། །དེས་ན་ཐེག་པ་ཆེན་པོའི་གསུང་རབ་ཅེས་པ་ནི་ཐེག་པ་ཆེན་པོ་དེའི་དགོངས་དོན་སྟོན་པའི་གཞུང་ལུགས་རྒྱལ་བའི་བཀའ་མདོ་རྒྱུད་རྣམས་ལ་ཟེར།

language:
Tibetan

2. Thupten Phuntsok Dictionary

ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སྙིང་རྗེ་ཆེན་པོ་དང་། བྱང་ཆུབ་ཀྱི་སེམས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཕར་ཕྱིན་དྲུག་བཅས་གཙོ་བོར་སྟོན་པའི་སངས་རྒྱས་ཀྱི་གསུང་རབ་དང་། དེའི་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་ལ་ཟེར་རོ། །

language:
Tibetan