- them gnyer lba ba che
- ID:
- T232627
- ཐེམ་གཉེར་ལྦ་བ་ཆེ (Tibetan, Tibetan script, Original)
- > them gnyer lba ba che (Tibetan, Latin script, Transliteration-THL Extended Wylie Transliteration)
- > tem nyer bawa ché (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གབ་ཚིག་འདིའི་ནང་དོན་ནི། གབ་བྱ་ལྗིད་འདེགས་ཀྱི་སྲང་དང་། དེའི་ངོས་སུ་བཀོད་པའི་ཉག་གའི་རི་མོ་དེ་ལ་བཏགས་པའི་སྲང་རྡོ་བཅས་ཡིན་ཞིང་། གབ་བྱེད་ཀྱི་ཚིག་ནི། ཐེམ་པའི་གཉེར་མ་ཅན་ལ་ལྦ་བ་ཆེ་བ་ཞེས་སྨྲས་པ་ཡིན་པ་དང་། རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཀྱི་མི་རྣམས་བློ་སྒོ་འབྱེད་པའི་ཆེད་དུ་ལྷ་ས་གཙུག་ལག་ཁང་གི་ལྡེབས་བྲིས་ཐོག་གོང་གསལ་གྱི་གབ་ཚིག་དེ་བྲིས་པའི་འགྲམ་དུ་འདེགས་བྱེད་ཀྱི་སྲང་ཆ་ཚང་ཞིག་རི་མོར་བྲིས་ཡོད་ཅེས《བཀའ་ཆེམས་ཀ་ཁོལ་མ》ལས་གསལ།
- language:
- Tibetan
2. Thupten Phuntsok Dictionary
གབ་ཚིག་འདིའི་ནང་དོན་ནི། གབ་བྱ་ལྗིད་འདེགས་ཀྱི་སྲང་དང་། དེའི་ངོས་སུ་བཀོད་པའི་ཉག་གའི་རི་མོ་དེ་ལ་བཏགས་པའི་སྲང་རྡོ་བཅས་ཡིན་ཞིང་། གབ་བྱེད་ཀྱི་ཚིག་ནི། ཐེམ་པའི་གཉེར་མ་ཅན་ལ་ཝ་བ་ཆེ་བ་ཞེས་སྨྲས་པ་ཡིན་པ་དང་། རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཀྱི་མི་རྣམས་བློ་སྒོ་འབྱེད་པའི་ཆེད་དུ་ལྷ་ས་གཙུག་ལག་ཁང་གི་ལྡེབས་བྲིས་ཐོག་གོང་གསལ་གྱི་གབ་ཚིག་དེ་བྲིས་པའི་འགྲམ་དུ་འདེགས་བྱེད་ཀྱི་སྲང་ཆ་ཚང་ཞིག་རི་མོར་བྲིས་ཡོད་ཅེསབཀའ་ཆེམས་ཀ་ཁོལ་མ》ལས་གསལ།
- language:
- Tibetan