Skip to main content Skip to search
tho gon thi mur
ID:
T232642
  • ཐོ་གོན་ཐི་མུར (Tibetan, Tibetan script, Original)
    • > tho gon thi mur (Tibetan, Latin script, Transliteration-THL Extended Wylie Transliteration)
    • > to gön ti mur (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(ཐུའོ་ཧུན་ཐེའུ་མུར妥懽帖睦尔)ས་རྟ་ལོ་པ། རང་ལོ་བཅུ་དྲུག་ལ་སླེབས་པ་རབ་བྱུང་དྲུག་པའི་ཆུ་བྱ(༡༣༣༣)ལོ་ནས་རབ་བྱུང་དྲུག་པའི་ས་སྤྲེལ(༡༣༦༨)བར་ལོ་སུམ་ཅུ་སོ་དྲུག་རིང་སྲིད་བཟུང་། མིང་ལ་ཞུན་དྷིས་ཨོ་ཏུས་ཐུ་ཟེར། རྒྱལ་པོ་འདིས་ཀྲི་ཡོན་ཁྲི་ལོ་བཞི་པ་རབ་བྱུང་དྲུག་པའི་ས་ཡོས(༡༣༣༩)ལོར་ས་སྐྱ་བདག་ཆེན་ཀུན་དགའ་རྒྱལ་མཚན་མཆོད་གནས་སུ་གདན་དྲངས། དེ་རྗེས་རབ་བྱུང་དྲུག་པའི་ཤིང་རྟ(༡༣༥༤)ལོར་ཏཱ་སི་བྱང་ཆུབ་རྒྱལ་མཚན་ལ་ཏའི་སི་ཏུའི་གོ་གནས་དང་། བོད་ཁྲི་སྐོར་བཅུ་གསུམ་གྱི་དབང་ཆ་སྤྲད། 《ཧོར་ཆོས་འབྱུང》དུ་རྒྱལ་པོ་འདིས་ས་སྐྱའི་བླ་མ་ཏི་ཤཱི་ཀུན་དགའ་བློ་གྲོས་གདན་དྲངས་པར་བཤད་པ་ནི། ཏི་ཤཱི་ཀུན་དགའ་རྒྱལ་མཚན་ནམ་ཀུན་དགའ་བློ་གྲོས་རྒྱལ་མཚན་ཡིན་ནམ་སྙམ་སྟེ་ས་སྐྱའི་གདུང་རབས་དང་བསྡུར་དགོས། འདིའི་སྲིད་ལོ་ཉེར་བརྒྱད་པ་རབ་བྱུང་དྲུག་པའི་ས་ཁྱི(༡༣༥༨)ལོར་ཀརྨ་པ་རོལ་པའི་རྡོ་རྗེ་གདན་དྲངས། འདི་སྐབས་རྒྱ་ཇུ་ཞེས་པའི་རིགས་རྒྱུད་ཀྱི་ཁྱིམ་དུ་སྐྱེས་པའི་བུ་ཇུ་གེ(朱格)ཟེར་བ་གཅིག་གཡོ་སྒྱུ་ལ་མཁས་པ་ཞིག་ཡོད་པ་དེར་རྒྱལ་པོས་རྟོག་དཔྱོད་མ་བྱས་པར་བློས་བཀལ་ཏེ་སྡེ་ཆེན་པོའི་དཔོན་པོར་བསྐོས་པ་དེས་རྒྱ་ནག་གི་མི་སྡེ་མང་པོ་མངའ་ངོག་ཏུ་བསྡུས་ཤིང་། རྒྱལ་པོའི་ནང་བློན་ཕལ་ཆེ་བ་རྣམས་རྒྱལ་པོ་ལ་གཡོ་ཐབས་ཀྱི་ཕྲ་མ་བཅུག་ནས་རྒྱལ་པོ་དང་ཐག་རང་དུ་བཏང་། ནང་བློན་གྱི་གཙོ་བོ་ཐོག་ཐ་ཧོ་ཐའི་ཙེ(托塔和太子)གསོད་དུ་བཅུག མཐར་རབ་བྱུང་དྲུག་པའི་ས་སྦྲེལ(༡༣༦༨)ལོར་མིང་གི་དམག་དཔུང་གིས་རྒྱལ་ས(ད་ལྟའི་པེ་ཅིན)བཟུང་སྟེ་ཐོ་གོན་ཐེ་མུར་བྱང་ངོས་དབྱིན་ཕྲང(应昌)ཞེས་དེང་སྐབས་ནང་སོག་རང་སྐྱོང་ལྗོངས་ཀྱི་ཁེ་ཁྲི་ཁེ་ཐང་ཆི་ཤི་རྟཱ་ལའི་ནོར(克什克腾旗西达来诺尔)རམ་སོག་སྐད་དུ་ཁེ་རེ་ལུན་མུ་རན་ཞེས་པའི་ཉེ་འདབས་སུ་བྲོས། པ་ར་ཧོ་ཐོ་ཞེས་པའི་མཁར་བརྩིགས། ལོ་ངོ་གསུམ་རིང་སོག་ཡུལ་ཙམ་གྱི་རྒྱལ་པོ་བྱས། རང་ལོ་ང་གསུམ་པ་རབ་བྱུང་དྲུག་པའི་ལྕགས་ཁྱི(༡༣༧༠)ལོར་འདས།

language:
Tibetan

2. Thupten Phuntsok Dictionary

(ཐུའོ་ཧུན་ཐེའུ་མུར) ས་རྟ་ལོ་པ།རང་ལོ་བཅུ་དྲུག་ལ་སླེབས་པ་རབ་བྱུང་དྲུག་པའི་ཆུ་བྱ (༡༣༣༣) ལོ་ནས་རབ་བྱུང་དྲུག་པའི་ས་སྤྲེལ (༡༣༦༧) བར་ལོ་སུམ་ཅུ་སོ་དྲུག་རིང་སྲིད་བཟུང་། མིང་ལ་ཞུན་དྷིས་ཨོ་ཏུས་ཐུ་ཟེར། ལོ་ངོ་གསུམ་རིང་སོག་ཡུལ་ཙམ་གྱི་རྒྱལ་པོ་བྱས། རང་ལོ་ང་གསུམ་པ་རབ་བྱུང་དྲུག་པའི་ལྕགས་ཁྱི (༡༣༧༠) ལོར་འདས།

language:
Tibetan