- tho be ru
- ID:
- T232657
- ཐོ་བེ་རུ (Tibetan, Tibetan script, Original)
- > tho be ru (Tibetan, Latin script, Transliteration-THL Extended Wylie Transliteration)
- > to bé ru (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དེང་དུས་ཆབ་མདོ་ས་ཁུལ་བེ་རུ་སྡེ་ཤོག་གི་ཡུལ་གྲུ་འདིའི་མིང་ཡིན། གནའ་བོའི་དུས་སུ་ཡུལ་འདིར་བདག་ཏུ་བཟུང་མཁན་ཐོ་བེ་རུ་རྒྱལ་པོ་ཟེར་བ་ཞིག་ཡོད་པ་སྟོབས་ཤུགས་ཧ་ཅང་ཆེ་བ་ཞིག་བྱུང་། སྤྱི་ལོ་༡༦༣༧ཙམ་ན་སོག་པོ་གུ་ཤྲཱི་ཧན་གྱིས་དམག་གིས་བཅོམ་ནས་རྩ་མེད་བཟོས། ཡུལ་སྡེ་མང་བ་ཞིག་སོག་དམག་གིས་སྡེ་དགེའི་བླ་ཆེན་བྱམས་པ་ཕུན་ཚོགས་ལ་སྤྲོད་པ་རེད། རྗེས་སུ་སྡེ་དགེ་རྒྱལ་པོས་སྡེ་པ་ཁག་གཅིག་ཆབ་མདོ་འཕགས་པ་ལྷ་ལ་ཕུལ་བར་བཤད། འདི་དང་ཏྲེ་ཧོར་དཀར་མཛེས་ཀྱི་བེ་རུ་སྡེ་པ་གཉིས་ཡུལ་སོ་སོ་ཡིན་པར་ཤེས་དགོས།
- language:
- Tibetan