- tho yon ye shes don grub bstan pa'i rgyal mtshan
- ID:
- T232663
- ཐོ་ཡོན་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན (Tibetan, Tibetan script, Original)
- > tho yon ye shes don grub bstan pa'i rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > to yön yeshe döndrub tenpé gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ནི་སོག་ཡུལ་དུ་ཇིང་གེར་རྒྱལ་པོའི་རིགས་རྒྱུད་ལས་ཡབ་དཔལ་མཆོག་དང་ཡུམ་དཔལ་མོ་གཉིས་ཀྱི་་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཆུ་བྱི(༡༧༩༢)ལོར་འཁྲུངས། ཡབ་ཡུམ་གཉིས་ཀྱིས་འཇམ་དཔལ་རྡོ་རྗེ་ཞེས་མཚན་གསོལ། དགུང་ལོ་བདུན་ནས་སོག་ཡིག་དང་མན་ཇུའི་ཡི་གེ་བསླབས་ཏེ་མཁས་པར་གྱུར། དགུང་ལོ་བཅུ་དགུའི་ཐོག་ཡབ་ཡུམ་གྱིས་ཧར་ཆེན་ཝང་གི་བུ་མོ་བཙུན་མོར་བསུས་ཏེ་སྲས་གཉིས་བཙས། དགུང་ལོ་ཉེར་གསུམ་ཐོག་རྩིས་ཐང་མཁན་པོ་ངག་དབང་ཤེས་རབ་གྱི་དྲུང་ནས་བྱང་ཆུབ་ལམ་རིམ་གྱི་ཁྲིད་ཞུས་པས་ཡིད་གྱུར་གྱི་མྱོང་བ་ཐོན་ཞིང་ཐུགས་ཕྱུང་། དགུང་ལོ་ཉེར་ལྔར་ཕེབས་སྐབས་ངེས་འབྱུང་བསམ་པས་སྟོབས་འབྱོར་མངའ་ཐང་སོགས་ཐམས་ཅད་མཆིལ་མ་བཞིན་དོར་ནས་རྩིས་ཐང་མཁན་ཆེན་གྱི་ཞབས་དྲུང་དུ་སྐྲ་ཕུད་ཕུལ་ཏེ་དགེ་བསྙེན་བསྒྲུབས། གྲུབ་པའི་དབང་ཕྱུག་བློ་བཟང་ཚེ་འཕེལ་དང་སྒོ་མང་མཁན་པོ་མཐུ་སྟོབས་ཉི་མ་སོགས་ཀྱི་དྲུང་དུ་རྒྱལ་བའི་བཀའ་དང་བསྟན་འགྱུར་ནས་བཟུང་སྟེ་པོ་ཏི་སུམ་བརྒྱ་དང་། དབང་ཁྲིད་བརྒྱ་ཚར་བཅས་ཀྱི་ལུང་རྒྱུན་གསན། དགུང་ལོ་ཉེར་བདུན་ཐོག་གཙང་དུ་ཕེབས། ལྷ་རྩེ་བ་ཡེ་ཤེས་བསྟན་འཛིན་གྱི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་ཞེས་བསྩལ། དགུང་ལོ་ཉེར་བརྒྱད་ཐོག་འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་ལོ་གཉིས་རིང་གཞུང་ཆེན་ལ་སྦྱངས། དགུང་ལོ་སུམ་ཅུར་པཎ་ཆེན་བསྟན་པའི་ཉི་མའི་དྲུང་ནས་བསྙེན་རྫོགས་བསྒྲུབས། དགུང་ལོ་སོ་གཅིག་ནས་ལོ་ཤས་ནང་དགེ་བའི་བཤེས་གཉེན་བརྒྱ་དང་ལྔ་བཅུ་ལྷག་ཙམ་བསྟེན། དེའི་ནང་ནས་གུང་ཐང་བསྟན་པའི་སྒྲོན་མེ་དང་། དངུལ་ཆུ་བླ་མ་དབང་ཕྱུག་ཆོས་བཟང་། སེར་ཁང་པ་བློ་བཟང་བསྟན་འཛིན་ལྟ་བུའི་རྗེས་སུ་འབྲངས་ཏེ་རྣམ་གྲོལ་སྒྲུབ་པར་བྱའོ་དགོངས་ཏེ་དགུང་ལོ་སོ་གསུམ་ཐོག་ཕ་ཡུལ་དུ་ཕེབས་ནས་ལོ་ཤས་རིང་མཚམས་བསྙེན་ལ་བཞུགས། དེ་རྗེས་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ཤིང་འཇིགས་བྱེད་ཀྱི་བསྙེན་པ་མཛད། དེ་ནས་བོད་དུ་བྱོན་ནས་གཙང་དང་། ས་སྐྱ། ངོར་དགོན། ཞ་ལུ། སྟོད་ལུང་། འཕན་པོ། སྟག་ལུང་རྣམས་སུ་ཕེབས་ཏེ་ས་སྐྱ་དང་། བུ་ལུགས། བཀའ་བརྒྱུད་པའི་དབང་རྗེས་གནང་ཁྲིད་ཕལ་ཆེར་གསན། ཡེར་པ་ལྷ་རིར་ཕེབས་ནས་སྤྱན་རས་གཟིགས་ཀྱི་བསྙེན་སྒྲུབ་ལ་བཞུགས། དེ་སྐབས《གསེར་ཆོས་བཅུ་གསུམ》དང《སྔགས་རིམ་ཆེན་མོའི་བཤད་ལུང》 《དཀྱིལ་མཆོག་ནོར་བུའི་ཕྲེང་བ》ཕྱོགས་བསྒྲིགས་མཛད། དགུང་ལོ་ང་ལྔ་ནས་རེ་གཅིག་བར་འབྲས་སྤུངས་དགའ་ལྡན་ཕོ་བྲང་སོགས་སུ་དགེ་འདུན་བརྒྱ་ཕྲག་ལ《གསེར་ཆོས་བཅུ་གསུམ》དང་། 《སྔགས་རིམ་ཆེན་མོའི་བཤད་ལུང》 《དཀྱིལ་ཕྱོགས་ནོར་བུའི་ཕྲེང་བ》སོགས་ཀྱི་ཆོས་བཀའ་རྒྱ་ཆེར་བསྩལ། དགུང་ལོ་རེ་གཉིས་ཐོག་ཁམས་འདུ་བིར་ཕེབསནས་འཇམ་དབྱངས་ཐུབ་བསྟན་ཉི་མར་ནོར་ཕྲེང་ཐེངས་གསུམ་བསྩལ། དགུང་ལོ་རེ་གསུམ་ཐོག《དཀྱིལ་ཆོག་ནོར་ཕྲེང》གི་པར་གསར་བརྐོའི་ཞུས་དག་དང་། འབྲས་སྤུངས་སུ་དགེ་འདུན་བརྒྱ་ཕྲག་ལ་འཆད་སྤེལ་རྒྱ་ཆེར་མཛད། བཀའ་རྩོམ་ཡང《རྗེ་བཙུན་འཇམ་དབྱངས་ཀྱི་སྐྱེས་རབས་རྟོགས་བརྗོད་དཔག་བསམ་འཁྲི་ཤིང》 《ཇོ་བོ་རྗེའི་ལུགས་གསང་འདུས་འཇིག་རྟེན་དབང་ཕྱུག་གི་སྒྲུབ་དཀྱིལ》 《ཆོས་དབྱིངས་གསུམ་དབང་གི་དཀྱིལ་ཆོག》 《དཔལ་མཆོག་རིགས་བསྡུས་དབང་བཅུ་བཞི》 《སྤྱན་རས་གཟིགས་དོན་ཡོད་ཞགས་པ》 《མ་རྒྱུད་བདེ་མཆོག་སྟོད་འགྲེལ་ལུགས》 《སམ་པུ་ཊའི་རྡོ་རྗེ་དབྱིངས》 《ཉི་སྦས་ལུགས་སྒྲོལ་མའི་དབང》སོགས་པོ་ཏི་ཆུང་བ་གཉིས་ཙམ་མཛད། དགུང་ལོ་རེ་བཞི་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ཤིང་ཡོས(༡༨༥༥)ལོར་སྐུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ནི་སོག་ཡུལ་དུ་ཇིང་གེར་རྒྱལ་པོའི་རིགས་རྒྱུད་ལས་ཡབ་དཔལ་མཆོག་དང་ཡུམ་དཔལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཆུ་བྱི (༡༧༩༢) ལོར་འཁྲུངས། ཡབ་ཡུམ་གཉིས་ཀྱིས་འཇམ་དཔལ་རྡོ་རྗེ་ཞེས་མཚན་གསོལ། དགུང་ལོ་བདུན་ནས་སོག་ཡིག་དང་མན་ཇུའི་ཡི་གེ་བསླབས་ཏེ་མཁས་པར་གྱུར། དགུང་ལོ་བཅུ་དགུའི་ཐོག་ཡབ་ཡུམ་གྱིས་ཧར་ཆེན་ཝང་གི་བུ་མོ་བཙུན་མོར་བསུས་ཏེ་སྲས་གཉིས་བཙས། དགུང་ལོ་ཉེར་གསུམ་ཐོག་རྩིས་ཐང་མཁན་པོ་ངག་དབང་ཤེས་རབ་ཀྱི་དྲུང་ནས་བྱང་ཆུབ་ལམ་རིམ་གྱི་ཁྲིད་ཞུས་པས་ཡིད་འགྱུར་གྱི་མྱོང་བ་ཐོན་ཞིང་ཐུགས་ཕྱུང་། དགུང་ལོ་ཉེར་ལྔ་ཕེབས་སྐབས་ངེས་འབྱུང་བསམ་པས་སྟོབས་འབྱོར་མངའ་ཐང་སོགས་ཐམས་ཅད་མཆིལ་མ་བཞིན་དོར་ནས་རྩིས་ཐང་མཁན་ཆེན་གྱི་ཞབས་དྲུང་དུ་སྐྲ་ཕུད་ཕུལ་ཏེ་དགེ་བསྙེན་བསྒྲུབས། དེ་རྗེས་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ཤིང་འཇིགས་བྱེད་ཀྱི་བསྙེན་པ་མཛད། དེ་ནས་བོད་དུ་བྱོན་ནས་གཙང་དང་། ས་སྐྱ། ངོར་དགོན། ཞ་ལུ། སྟོད་ལུང་། འཕན་པོ། སྟག་ལུང་རྣམས་སུ་ཕེབས་ཏེ་ས་སྐྱ་དང་། བུ་ལུགས། བཀའ་བརྒྱུད་པའི་དབང་རྗེས་གནང་ཁྲིད་ཕལ་ཆེར་གསན། ཡེར་པ་ལྷ་རིར་ཕེབས་ནས་སྤྱན་རས་གཟིགས་ཀྱི་བསྙེན་སྒྲུབ་ལ་བཞུགས། དེ་སྐབསགསེར་ཆོས་བཅུ་གསུམ》དངསྔགས་རིམ་ཆེན་མོའི་བཤད་ལུང》 དཀྱིལ་ཆོག་ནོར་བུའི་ཕྲེང་བ》ཕྱོགས་བསྒྲིགས་མཛད། དགུང་ལོ་ང་ལྔ་ནས་རེ་གཅིག་བར་འབྲས་སྤུངས་དགའ་ལྡན་ཕོ་བྲང་སོགས་སུ་དགེ་འདུན་བརྒྱ་ཕྲག་ལགསེར་ཆོས་བཅུ་གསུམ་དང》དང་། སྔགས་རིམ་ཆེན་མོའི་བཤད་ལུང》 དཀྱིལ་མཆོག་ནོར་བུའི་འཕྲེང་བ》སོགས་ཀྱི་ཆོས་བཀའ་རྒྱ་ཆེར་བསྩལ། དགུང་ལོ་རེ་གཉིས་ཐོག་ཁམས་འདུ་བིར་ཕེབས་ནས་འཇམ་དབྱངས་ཐུབ་བསྟན་ཉི་མར་ནོར་ཕྲེང་ཐེངས་གསུམ་བསྩལ། དགུང་ལོ་རེ་གསུམ་ཐོགདཀྱིལ་འཁོར་ཆོ་ག་ནོར་ཕྲེང》གི་པར་གསར་བརྐོའི་ཞུས་དང་། འབྲས་སྤུངས་སུ་དགེ་འདུན་བརྒྱ་ཕྲག་ལ་འཆད་སྤེལ་རྒྱ་ཆེར་མཛད། བཀའ་རྩོམ་ཡངརྗེ་བཙུན་འཇམ་དབྱངས་ཀྱི་སྐྱེས་རབས་རྟོགས་བརྗོད་དཔག་བསམ་འཁྲི་ཤིང》 ཇོ་བོ་རྗེའི་ལུགས་གསང་འདུས་འཇིག་རྟེན་དབང་ཕྱུག་གི་སྒྲུབ་དཀྱིལ》 ཆོས་དབྱིངས་གསུམ་དབང་གྱི་དཀྱིལ་ཆོག》 དཔལ་མཆོག་རིགས་བསྡུས་དབང་བཅུ་བཞི》 སྤྱན་རས་གཟིགས་དོན་ཡོད་ཞགས་པ》མ་རྒྱུད་བདེ་མཆོག་སྟོད་འགྲེལ་ལུགས》 སམ་པུ་ཊའི་རྡོ་རྗེ་དབྱིངས》 ཉི་སྦས་ལུགས་སྒྲོལ་མའི་དབང》 སོགས་པོ་ཏི་ཆུང་བ་གཉིས་ཙམ་མཛད། དགུང་ལོ་རེ་བཞི་ལ་ཕེབས་པ་རབ་བྱུང་བཞི་པའི་ཤིང་ཡོས (༡༨༥༥) ལོར་སྐུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ 1792 ལོར་སོག་ཡུལ་དུ་ཡབ་དཔལ་མཆོག་དང་། ཡུལ་དཔལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་གི་བྱིས་པའི་མིང་ལ་འཇམ་དཔལ་རྡོ་རྗེ་ཞེས་ཞུ། དགུང་ལོ་བདུན་ནས་སོག་ཡིག་དང་མན་ཇུའི་ཡི་གེ་བསླབས་ཤིང་མཁས་པར་མཁྱེན། དགུང་ལོ་བཅུ་དྲུག་པར་ཨམ་བན་གྱི་ཞབས་ཕྱི་ཞུས་ཤིང་རྗེས་སུ་ནང་བློན་བྱས། དགུང་ལོ་བཅུ་དགུ་པར་ཁྱིམ་ཐབ་བསུས་ཏེ་སྲས་གཉིས་བཙས། དགུང་ལོ་ཉེར་གསུམ་པར་རྩིས་ཐང་མཁན་པོ་ངག་དབང་ཤེས་རབ་ཀྱི་ཞབས་དྲུང་ནས་བྱང་ཆུབ་ལམ་རིམ་གྱི་ཁྲིད་ཞུས་པས་ཡིད་འགྱུར་གྱི་མྱོང་བ་ཐོན་ཞིང་ཐུགས་ཕྱུང་། དགུང་ལོ་ཉེར་ལྔ་པར་འཁོར་བ་ལ་ངེས་འབྱུང་སྐྱེས་ཏེ་རྩིས་ཐང་མཁན་ཆེན་གྱི་ཞབས་དྲུང་དུ་སྐྲ་ཕུད་ཕུལ་ཞིང་དགེ་བསྙེན་བསྒྲུབས། གྲུབ་པའི་དབང་ཕྱུག་བློ་བཟང་ཚེ་འཕེལ་དང་སྒོ་མང་མཁན་པོ་མཐུ་སྟོབས་ཉི་མ་སོགས་ཀྱི་དྲུང་ནས་རྒྱལ་བའི་བཀའ་དང་བསྟན་འགྱུར་ནས་བཟུང་སྟེ་པོ་ཏི་སུམ་བརྒྱ་དང་། དབང་ཁྲིད་བརྒྱ་ཚར་བཅས་ཀྱི་ལུང་རྒྱུན་གསན། དགུང་ལོ་ཉེར་བདུན་པར་གཙང་དུ་ཕེབས་ཏེ་ལྷ་རྩེ་བ་ཡེ་ཤེས་བསྟན་འཛིན་གྱི་དྲུང་ནས་དགེ་ཚུལ་གྱི་[811]སྡོམ་པ་བཞེས། མཚན་ལ་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་ཞེས་གསོལ། དགུང་ལོ་ཉེར་བརྒྱད་པར་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་ལོ་གཉིས་ཀྱི་རིང་དུ་གཞུང་ཆེན་དག་ལ་སྦྱངས་པར་མཛད། དགུང་ལོ་སུམ་ཅུ་ཐམ་པར་པཎ་ཆེན་བསྟན་པའི་ཉི་མ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་གུང་ཐང་བསྟན་པའི་སྒྲོན་མེ་དང་། དངུལ་ཆུ་བླ་མ་དབང་ཕྱུག་ཆོས་བཟང་། གསེར་ཁང་བློ་བཟང་བསྟན་འཛིན་རྒྱ་མཚོ། དབལ་མང་དཀོན་མཆོག་རྒྱལ་མཚན་སོགས་དགེ་བའི་བཤེས་གཉེན་བརྒྱ་དང་ལྔ་བཅུ་ལྷག་ཙམ་བསྟེན་ཏེ་དབང་ལུང་མན་ངག་མང་དུ་གསན། དེ་ནས་རི་བོ་རྩེ་ལྔ་དང་། གཙང་། ས་སྐྱ། ངོར་དགོན། ཞྭ་ལི། སྟོད་ལུང་། འཕན་པོ། སྟག་ལུང་། ཡེར་པ་ལྷ་རི་སོགས་སུ་ཕེབས་ཏེ་གནས་མཇལ་མཛད། དགུང་ལོ་ལྔ་བཅུ་ང་ལྔ་ནས་དྲུག་ཅུ་རེ་གཅིག་བར་འབྲས་སྤུངས་ནས་བཀའ་ཆོས་གནང་། དགུང་ལོ་དྲུག་ཅུ་རེ་གཉིས་པར་ཁམས་འདུ་བིར་ཕེབས་ནས་ཆོས་འཁོར་བསྐོར། དགུང་ལོ་དྲུག་ཅུ་རེ་གསུམ་པར་འབྲས་སྤུངས་ནས་བཀའ་ཆོས་གསུངས། དགུང་ལོ་དྲུག་ཅུ་རེ་བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །ཁོང་གི་གསུང་རྩོམ་ནི་《དཔལ་ལྡན་རྒྱུད་སྡེ་བཞིའི་དཀྱིལ་འཁོར་གྱི་ཆོ་ག་ནོར་བུའི་ཕྲེང་བ》དང་། 《རྗེ་བཙུན་འཇམ་དབྱངས་ཀྱི་སྐྱེས་རབས་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་》བཅས་ཆོས་ཚན་བདུན་ཅུ་དོན་བརྒྱད་ལོངས་པའི་པོད་གཉིས་བཞུགས་སོ།།
- language:
- Tibetan