Skip to main content Skip to search
mtha' 'dul bzhi
ID:
T232745
  • མཐའ་འདུལ་བཞི (Tibetan, Tibetan script, Original)
    • > mtha' 'dul bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ta dul shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྔར་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་ས་དཔྱད་སྲིན་མོ་གན་རྐྱལ་དུ་བསྡད་པ་ལྟ་བུའི་དབྱིབས་སུ་ཡོད་པ་གནོན་ཆེད་བཞེངས་པའི་ལྷ་ཁང་བཅུ་གཉིས་ནང་ནས། ༡.སྲིན་མོའི་དཔུང་པ་གཡས་གནོན་ཆེད། དབུ་རུ་ཀ་ཚལ་མི་འགྱུར་ལྷ་ཁང(དེང་སང་མལ་དྲོ་གོང་དཀར་རྫོང་ཁོངས་གོང་དཀར་ཆུས་ཀ་ཚལ་གྲོང་ཚོ་ཡོད་ས) ༢.སྲིན་མོའི་དཔུང་པ་གཡོན་གནོན་ཆེད་གཡོ་རུ་ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམས་ལྷ་ཁང(དེང་སང་ལྷོ་ཁ་སྣེ་གདོང་རྫོང་ཁོངས་ཁྲ་འབྲུག་ཆུས་ཁྲ་འབྲུག་གྲོང་ཚོ་ཡོད་ས) ༣.སྲིན་མོའི་དཔྱི་མགོ་གཡས་གནོན་པའི་ཆེད་གཡས་རུ་གཙང་འགྲམ་བྱང་ཆུབ་དགེ་གནས་ཀྱི་ལྷ་ཁང(དེང་སང་གང་དུ་ཡོད་མེད་རྩད་མ་ཆོད) ༤.སྲིན་མོའི་དཔྱི་མགོ་གཡོན་གནོན་ཆེད་རུ་ལག་གྲོམ་པ་རྒྱང་དྲི་མེད་རྣམ་དག་གི་ལྷ་ཁང(དེང་སང་གཞིས་ཀ་རྩེ་ལྷ་རྩེ་རྫོང་ཁོངས་ཀྱི་ས་ཁུལ་ཞིག་ཏུ་ཡོད)

language:
Tibetan

2. Thupten Phuntsok Dictionary

སྔར་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་ས་དཔྱད་སྲིན་མོ་གན་རྐྱལ་དུ་བསྡད་པ་ལྟ་བུའི་དབྱིབས་སུ་ཡོད་པ་གནོན་ཆེད་བཞེངས་པའི་ལྷ་ཁང་བཅུ་གཉིས་ནང་ནས། ༡ སྲིན་མོའི་དཔུང་པ་གཡས་གནོན་ཆེད། དབུ་རུ་ཀ་ཚལ་མི་འགྱུར་ལྷ་ཁང་། (དེང་སང་མལ་དྲོ་གོང་དཀར་རྫོང་ཁོངས་གོང་དཀར་ཆུས་ཀ་ཚལ་གྲོང་ཚོ་ཡོད་ས) ༢ སྲིན་མོའི་དཔུང་པ་གཡོན་གནོན་ཆེད་གཡོ་རུ་ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམས་ལྷ་ཁང (དེང་སང་ལྷོ་ཁ་སྣེ་གདོང་རྫོང་ཁོངས་ཁྲ་འབྲུག་ཆུས་ཁྲ་འབྲུག་གྲོང་ཚོ་ཡོད་ས) ༣ སྲིན་མོའི་དཔྱི་མགོ་གཡས་གནོན་པའི་ཆེད་གཡས་རུ་གཙང་འགྲམ་བྱང་ཆུབ་དགེ་གནས་ཀྱི་ལྷ་ཁང (དེང་སང་གང་དུ་ཡོད་མེད་རྩད་མ་ཆོད) ༤ སྲིན་མོའི་དཔྱི་མགོ་གཡོན་གནོན་ཆེད་རུ་ལག་གྲོམ་པ་རྒྱང་དྲི་མེད་རྣམ་དག་གི་ལྷ་ཁང (དེང་སང་གཞིས་ཀ་རྩེ་ལྷ་རྩེ་རྫོང་ཁོངས་ཀྱི་ས་ཁུལ་ཞིག་ཏུ་ཡོད)

language:
Tibetan