Skip to main content Skip to search
mtha' yi so kha
ID:
T232761
  • མཐའ་ཡི་སོ་ཁ (Tibetan, Tibetan script, Original)
    • > mtha' yi so kha (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ta yi so kha (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྒྱ་བོད་གཉིས་ཀྱི་མཐའ་མཚམས་སུ་ཡོད་པའི་ས་ཆ་ཕན་ཚུན་བར་གྱི་ས་མཚམས་གཏན་ཁེལ་བྱས་པའི་སོ་ཁ་སྟེ། དཔེར་ན་ཐང་བོད་མཐུན་འབྲེལ་རྡོ་རིང་ནང་འཁོད་པའི་ཅང་ཅུན་ཡུས་དང་། ཧྲའི་རུང་ཧྲན། ཆིང་ཧྲུའི་ཤན་བཅས་ནི་རྒྱ་བོད་ས་མཚམས་ཕན་ཚུན་གྱི་སོ་ཁ་ཡིན་པ་ལྟ་བུ་སྐབས་འདིར་སོ་ཁ་བརྒྱད་ཀྱི་སྐོར་བྲི་དགོས།

language:
Tibetan

2. Thupten Phuntsok Dictionary

རྒྱ་བོད་གཉིས་ཀྱི་མཐའ་མཚམས་སུ་ཡོད་པའི་ས་ཆ་ཕན་ཚུན་བར་གྱི་ས་མཚམས་གཏན་ཁེལ་བྱས་པའི་སོ་ཁ་སྟེ། དཔེར་ན་ཐང་བོད་མཐུན་འབྲེལ་རྡོ་རིང་ནང་འཁོད་པའི་ཅང་ཅུན་ཡུས་དང་། ཧྲའི་རུང་ཧྲན། ཆིང་ཧྲུའི་ཤན་བཅས་ནི་རྒྱ་བོད་ས་མཚམས་ཕན་ཚུན་གྱི་སོ་ཁ་ཡིན། ༡ རྒྱ་དང་བོད་ཀྱི་སོ་མཚམས་རྒོད་ཀྱི་སྙན་ལུང་རོང་། ༢ བོད་དང་ཞང་ཞུང་གི་སོ་མཚམས་ཞང་པ་བརྒྱ་ཅུ་རོང་། ༣ བོད་དང་བོན་གྱི་སོ་མཚམས་ལྕགས་གཟེར་བཅུག་པ། ༤ བོད་རང་སྟག་གཟིག་གི་སོ་མཚམས་ཤབ་ཤང་བརྒྱ་ཅུ་རོང་། ༥ བོད་དང་ཧོར་གྱི་སོ་མཚམས་ཟངས་ཐང་ཤའི་གླིང་། ༦ བོད་དང་ཁྲོམ་གྱི་སོ་མཚམས་རྒྱ་ཤ་རོང་། ༧ བོད་དང་འཇང་གི་སོ་མཚམས་ར་ག་རོང་།

language:
Tibetan