- mthar thug theg pa gcig tu grub pa
- ID:
- T232769
- མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པ (Tibetan, Tibetan script, Original)
- > mthar thug theg pa gcig tu grub pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > tartuk tekpa chik tu drubpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དབུ་མ་པ་དང་རིགས་པའི་རྗེས་འབྲངས་ཀྱི་སེམས་ཙམ་པ་རྣམས་ཀྱིས་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་འདོད་དེ། རིག་པའི་རྗེས་འབྲངས་ཀྱི་སེམས་ཙམ་པ་རྣམས་ནི་དྲི་མ་གློ་བུར་དག་རང་གི་རྒྱུ་ཡོད་པས་ན་རྟག་པ་མ་ཡིན་པའི་ཕྱིར་དང་། རྒྱུའི་གཉེན་པོ་གོམས་པས་ཟད་པར་འགྱུར་བའི་ཕྱིར་དང་། རྒྱུའི་རང་བཞིན་ཤེས་པ་ཡོད་པའི་ཕྱིར་དང་། དེ་ཡོད་པས་དེའི་གཉེན་པོ་ཤེས་པ་ཡང་ཡོད་པར་གྲུབ་པའི་ཕྱིར་སོགས་རིགས་པ་དུ་མའི་སྒོ་ནས་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་བཞེད་དེ། རྣམ་འགྲེལ་ལས། རྒྱུ་ཡོད་ཕྱིར་དང་རྒྱུ་ཡི་ནི། གཉེན་པོ་གོམས་པས་ཟད་ཕྱིར་དང་། །རྒྱུ་ཡི་རང་བཞིན་ཤེས་པའི་ཕྱིར། །དེ་ཤེས་པ་ནི་གྲུབ་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་ཉན་རང་དགྲ་བཅོམ་པ་རྣམས་ལྷག་མེད་དུ་མྱ་ངན་ལས་འདས་པ་ན་རིག་པ་རྒྱུན་ཆད་པར་མི་འདོད་དེ། དེས་དེའི་ཚེ་སྡུག་ཀུན་གྱིས་བསྡུས་པའི་རིག་པ་ཙམ་རྒྱུན་ཆད་པར་འདོད་ཀྱང་། རིག་པ་ཙམ་ཞིག་སངས་རྒྱས་ཀྱི་སར་འགྲོ་བར་འདོད་པས་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་འདོད་དོ། །
- language:
- Tibetan
2. Thupten Phuntsok Dictionary
དབུ་མ་པ་དང་རིགས་པའི་རྗེས་འབྲངས་ཀྱི་སེམས་ཙམ་པ་རྣམས་ཀྱི་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་འདོད་དེ། རིགས་པའི་རྗེས་འབྲངས་ཀྱི་སེམས་ཙམ་པ་རྣམས་ནི་དྲི་མ་གློ་བུར་དག་རང་གི་རྒྱུ་ཡོད་པས་ན་རྟག་པ་མ་ཡིན་པའི་ཕྱིར་དང་། རྒྱུའི་གཉེན་པོ་གོམས་པས་ཟད་པར་འགྱུར་བའི་ཕྱིར་དང་། རྒྱུའི་རང་བཞིན་ཤེས་པ་ཡོད་པའི་ཕྱིར་དང་། དེ་ཡོད་པས་དེའི་གཉེན་པོ་ཤེས་པ་ཡང་ཡོད་པར་གྲུབ་པའི་ཕྱིར་སོགས་རིགས་པ་དུ་མའི་སྒོ་ནས་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་བཞེད་དེ། རྣམ་འགྲེལ་ལས། རྒྱུ་ཡོད་ཕྱིར་ན་རྒྱུ་ཡི་ནི། །གཉེན་པོ་གོམས་པས་ཟད་ཕྱིར་དང་། །རྒྱུ་ཡི་རང་བཞིན་ཤེས་པའི་ཕྱིར། །དེ་ཤེས་པ་ནི་གྲུབ་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་ཉན་རང་དགྲ་བཅོམ་པ་རྣམས་ལྷག་མེད་དུ་མྱ་ངན་ལས་འདས་པ་ན་རིག་པ་རྒྱུན་ཆད་པར་མི་འདོད་དེ། དེས་དེའི་ཚེ་སྡུག་ཀུན་གྱིས་བསྡུས་པའི་རིག་པ་ཙམ་རྒྱུན་ཆད་པར་འདོད་ཀྱང་། རིག་པ་ཙམ་ཞིག་སངས་རྒྱས་ཀྱི་སར་འགྲོ་བར་འདོད་པས་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་འདོད་དོ། །
- language:
- Tibetan