Skip to main content Skip to search
mtho lding gi lha khang
ID:
T232834
  • མཐོ་ལྡིང་གི་ལྷ་ཁང (Tibetan, Tibetan script, Original)
    • > mtho lding gi lha khang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > to ding gi lhakhang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་མངའ་རིས་གུ་གེའི་མཐོ་ལྡིང་གསེར་གྱི་ལྷ་ཁང་ཟེར་བ་དེ་ཡིན། སུང་རྒྱལ་རབས་ཀྱི་གོང་མ་སུང་ཐའི་ཙུང་ཀྲའོ་ཀུས་ཀྱི་ཀྲི་ཏའོ་ཁྲི་ལོ་གཉིས་པ་མེ་སྤྲེལ(༩༩༦)ལོར་མངས་རིས་གུ་གེའི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བཏབ་པའི་དགོན་པ་ཞིག་སྟེ། དབུ་ཞྭ་ནམ་མཁར་བསྐྱུར་བ་གང་དུ་བབས་ས་དེར་གཙུག་ལག་ཁང་བཞེངས་པར་བཞེད་ནས་དབུ་ཞྭ་བསྐྱུར་བས་དབུ་ཞྭ་མཐོན་པོར་ལྡིང་ནས་སར་འབབ་པའི་གནས་དེར་གཙུག་ལག་ཁང་བཞེངས་ཏེ་མཐོ་ལྡིང་དམར་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་གསོལ། མངའ་རིས་རྒྱལ་པོས་ཆོས་གཞིས་དང་ས་ཞིང་མང་པོ་ཕུལ། ཇོ་བོ་རྗེ་ཨ་ཏི་ཤ་ཡང་དགོན་པ་དེར་ཕེབས་ནས་བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོ་དགུང་ལོ་བརྒྱད་ཅུ་གྱ་ལྔར་ཕེབས་པ་དང་ཕན་ཚུན་ཞལ་མཇལ་ཏེ་མདོ་སྔགས་ཀྱི་ཆོས་ལ་གསུང་གླེང་མང་པོ་གནང་ཞིང་། ཁྱེད་ལྟ་བུའི་པཎྜི་ཏ་མཁས་པོ་ཆེན་པོ་བོད་ན་བཞུགས་བཞིན་དུ་ང་བོད་དུ་འོང་དགོས་པ་མི་འདུག་གསུངས་ཏེ་ཧ་ཅང་ཐུགས་མཉེས་པོ་བྱུང་། དགོན་པ་དེར་མངའ་རིས་གུ་གེ་རྒྱལ་པོ་རིམ་བྱུང་གིས་བཞེངས་པའི་སངས་རྒྱས་ཆོས་ལུགས་ཀྱི་ལྷ་རྟེན་ཤིན་ཏུ་མང་བ་ཡོད། རྗེས་སུ་ལོ་མང་རིང་སྐབས་དེའི་མཁས་པ་མཚན་སྙན་ཆེ་བ་རེས་སྐྱོང་བར་མཛད། ལ་དྭགས་རྒྱལ་པོ་སེངྒེ་རྣམ་རྒྱལ་གྱི་དུས་སུ་མངའ་རིས་ཁུལ་གྱི་དགེ་ལུགས་དགོན་པ་རྣམས་ལ་དམག་དྲངས་ཏེ་ཆོས་ལུགས་བསྒྱུར་བ་སོགས་གནོད་འཚེ་བྱས་པ་དང་། ལ་དྭགས་རྒྱལ་པོ་སྤུན་མཆེད་བར་ནང་འཁྲུག་བྱུང་བ་དང་སྐབས་བསྟུན་ཏཱ་ལའི་སྐུ་ཕྲེང་ལྔ་པས་རྒྱལ་པོ་དགའ་ལྡན་ཚེ་དབང་དམག་དཔུང་དང་བཅས་པ་མངའ་རིས་སུ་བཏང་ནས་མངའ་རིས་བསྐོར་གསུམ་དབང་དུ་བསྡུས། དེ་ནས་བཟུང་རབ་བྱུང་བཅུ་གཉིས་པའི་མེ་ཡོས(༡༦༨༧)ལོ་ནས་དགའ་ལྡན་ཤར་པ་ཆོས་རྗེ་དང་བྱང་རྩེ་ཆོས་རྗེ་གཉིས་རེ་མོས་ཀྱིས་མཁན་པོ་གནང་བའི་སྲོལ་བཙུགས་སོ། ། (དེང་སང་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་རྩ་ཧྲེང་ཆུས་མཐོ་ལྡིང་ཤང་གནས་ཡུལ)

language:
Tibetan

2. Thupten Phuntsok Dictionary

བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་མངའ་རིས་གུ་གེའི་མཐོ་ལྡིང་གསེར་གྱི་ལྷ་ཁང་ཟེར་བ་དེ་ཡིན།

language:
Tibetan