- mthong tshor grub mtha'i sgyu rtsal
- ID:
- T232866
- མཐོང་ཚོར་གྲུབ་མཐའི་སྒྱུ་རྩལ (Tibetan, Tibetan script, Original)
- > mthong tshor grub mtha'i sgyu rtsal (Tibetan, Latin script, Transliteration-THL Extended Wylie Transliteration)
- > tong tsor drubté gyutsal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དོན་བསྒྱུར་ལ་འོད་ཀྱི་ནུས་པའི་སྒྱུ་རྩལ་ཡང་ཟེར། དེའི་ཁྱད་ཆོས་ནི་ཁ་དོག་གི་དྭངས་ཚད་དང་ཚོན་རིམ་སྟར་བསྒྲིགས་ཀྱི་ཚོད་ལྟ་བེད་སྤྱོད། ཤིང་བརྐོས་ཀྱི་རྣམ་པ་དང་བཅད་བར་གྱི་འཐེན་ཤུགས་ཀྱི་ཚོད་ལྟ་བེད་སྤྱོད་བཅས་བྱས་ཏེ་མི་རྣམས་ཀྱི་མཐོང་ཤུགས་ལ་འཕྲུལ་སྣང་བསྐྲུན་ཡོད། དེར་བརྟེན་སྒྱུ་རྩལ་གྱི་གྲུབ་མཐའ་དེ་ནི་མིའི་མིག་ལ་མགོ་སྐོར་གཏོང་བྱེད་ཀྱི་སྒྱུ་རྩལ་གྱི་རིགས་ཤིག་ཡིན། དེས་མི་རྣམས་ལ་མིག་འཕྲུལ་ཀླད་འཁྲུག་དང་། གཅེར་བུ་དང་སྐྱོ་སྣང་གི་ཚོར་བ་སྟེར་བ། ད་དུང་མིག་ལ་ཟུག་གཟེར་དང་བདེ་པོ་མེད་པའི་ཚོར་བ་ཡོང་གི་ཡོད། མཐོང་ཚོར་གྲུབ་མཐའི་སྒྱུ་རྩལ་འདི་ནི་དུས་རབས་བཅུ་དྲུག་པའི་ཐོག་མའི་དུས་སྐབས་སུ་བཟོ་དབྱིབས་སྤྱི་མཚན་རིང་ལུགས་ཞེས་པའི་རྨང་གཞིའི་ཐོག་ཐོན་པའི་སྒྱུ་རྩལ་གྱི་གྲུབ་མཐའ་གསར་པ་ཞིག་ཡིན། དེའི་ཚབ་བྱེད་མི་སྣ་ནི་ཨ་རིའི་ས་ཧྥུ་ཨའེ་པོ་ནི་དང་ཧྥ་རན་སིའི་ཝེ་ཁེ་ཐོ་ཝ་ས་ལི་སོགས་ཡིན།
- language:
- Tibetan