Skip to main content Skip to search
da lis nag po
ID:
T232922
  • ད་ལིས་ནག་པོ (Tibetan, Tibetan script, Original)
    • > da lis nag po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > da li nakpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ལྗོངས་ཡོངས་དུ་སྐྱེ་བའི་ཤིང་ཕྲན་གྱི་རིགས་ཡིན་ཞིང་། སྡོང་པོའི་ཤུན་ལྤགས་ཐལ་མདོག་དང་། ཡལ་ཕྲན་གསར་པ་ཁམ་སེར། ལོ་མ་ལྗང་ནག་མཐུག་ལ་རྒྱབ་ཁམ་སེར། མེ་ཏོག་སྔོ་དམར་འདབ་མ་ལྔ་རེ་དཀྱིལ་ནས་ཟེའུ་འབྲུའི་ཛར་བུ་དྲུག་བདུན་ཙམ་འཕྱང་བ། ཡལ་རྗེས་འབྲས་བུ་ཁམ་སེར་ཆུང་ངུ་ཅན་ཀུན་གྱིས་སུར་ནག་ཅེས་ངོས་ཟིན་སླ། སྨན་དུ་སྦྱར་བྱ་ནི་ལོ་མ་སྟེ། རོ་ཚ། ཞུ་རྗེས་དྲོད། ནུས་པས་གྲང་བའི་ནད་སེལ། ཆུ་སེར་སྐེམ། ལུམས་བྱས་པས་གག་ལྷོག་ནད་ལ་ཕན།

language:
Tibetan