- da'i ching
- ID:
- T233012
- དའི་ཆིང (Tibetan, Tibetan script, Original)
- > da'i ching (Tibetan, Latin script, Transliteration-THL Extended Wylie Transliteration)
- > dé ching (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དའི་ཆིང་བཱ་ཐུར་)འདིའི་མིང་དངོས་སུ་བསོད་ནམས་རྒྱལ་པོ་དང་། མིང་གཞན་པའི་སེ་ཁང་ཆེན་པ་ཡང་ཟེར། འདིའི་ལོ་རྒྱུས་དང་ཕ་མའི་མིང་སོགས་ཞིབ་ཆ་བཀོད་པ་ད་ཕན་མ་མཐོང་ཡང་《མི་དབང་རྟོགས་བརྗོད་》ནང་དུ་གསལ་བ་དང་མ་གསལ་བའི་ལོ་རྒྱུས་ཐོར་བུ་ཕྱོགས་གཅིག་ཏུ་བསྡུས་ནས་བཀོད་ན། རྒྱལ་པོ་ལྷ་བཟང་གིས་མངའ་རིས་སྐོར་གསུམ་གྱི་དཔོན་གྱི་དཔོན་དུ་བསྐོས་ནས་ས་མཚམས་སུ་དགྲ་བོ་འོང་མི་འོང་གི་རྟོག་ཞིབ་དང་འོང་ཚེ་འཕྲལ་དུ་རྒོལ་ལན་སྤྲོད་དགོས་པ་སོགས་མངགས་ཏེ་བཏང་རྗེས་སུ་ཇུན་གར་གྱི་དམག་བོད་དུ་འོངས་སྐབས་མངའ་རིས་ནས་ལྷ་བཟང་ཁང་ལ་དགྲ་བོའི་གནས་ཚུལ་འཁོད་པའི་ཡི་གེ་བཏང་སྟེ། ཁོ་རང་རང་ཉིད་མངའ་རིས་ཀྱི་མི་དམངས་དང་མཉམ་འབྲེལ་བྱས་ཐོག ཇུན་གར་ལ་དམག་འཐབ་བྱེད་རྩིས་བྱས་ཀྱང་ཇུན་གར་བས་མགོ་སྐོར་བསླུ་བྲིད་ཀྱི་སྐད་ཆ་མང་པོ་བཤད་པའི་རྐྱེན་གྱིས་དམངས་ཚོགས་མགོ་བོ་འཁོར་ཏེ་རྒོལ་ལན་སྤྲོད་མཁན་མ་བྱུང་བར་ཇུན་གར་གྱི་དམག་ལྷ་སར་ཤོར། རྒྱལ་པོ་ལྷ་བཟང་བསད་ནས་ཇུན་གར་བས་བོད་ས་གནས་ཀྱི་སྲིད་དབང་བཟུང་རྗེས་ཕོ་ལྷ་ཐའི་ཇིས་གཉའ་ནང་གི་རྫོང་བཟུང་ཁུལ་གྱིས་སྟོད་ཁུལ་དུ་བསྡད། ཁང་ཆེན་པས་མངའ་རིས་ནས་མི་དམངས་མང་ཚོགས་དང་མཉམ་འབྲེལ་གྱིས་ཇུན་གར་བར་རྒོལ་གྱིས་ཕམ་པ་པར་བྱས་པའི་སྐབས། ཕོ་ལྷ་ཐའི་ཇིས་ཀྱང་གཙང་ཕྱོགས་ཀྱི་དམངས་ཚོགས་དང་མཉམ་འབྲེལ་བྱས་ནས་དའི་ཆིང་ལ་རོགས་རམ་བྱས་ཏེ། གཙང་ཁུལ་གྱི་རྫོང་གཞིས་ཚང་མ་ཇུན་གར་བའི་ལག་ནས་ཕྲོགས། དེའི་བྱས་རྗེས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་གླང་(༡༧༢༡)ལོར། གོང་མ་ཁང་ཤིས་ནས་པའི་སེའི་ཆོ་ལོ་དང་བཅས་བཀའ་བློན་གྱི་གཙོ་བོར་བསྐོས། དེའི་ལས་རོགས་སུ་ང་ཕོད་པ་རྡོ་རྗེ་རྒྱལ་པོར་སེ་ཆོ་ལོ་དང་ལུམ་པ་བ་བཀྲ་ཤིས་རྒྱལ་པོར་གུང་གི་ཆོ་ལོ་སྤྲད་དེ་ཁོང་གསུམ་ནས་ལོ་གསུམ་རིང་སྲིད་དབང་བཟུང་མུས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག་(༡༧༢༤)ལོར་(གོང་མ་གཡུང་ཊིང་ཁྲི་ལོ་གཉིས་པ་)གོང་མ་གཡུང་ཊིང་གིས་ཨ་ས་ཁན་ཨམ་བན་བོད་དུ་མངགས་ཏེ། སླར་ཡང་བཀའ་བློན་གསར་པ་གཉིས་བསྐོས་དགོས་པའི་བཀའ་ཕབ་པ་བཞིན། དེ་སྐབས་རྩིས་དཔོན་ཡིན་པ་ཕོ་ལྷ་བསོད་ནམས་སྟོབས་རྒྱས་དང་སྦྱར་ར་བ་བློ་གྲོས་རྒྱལ་པོ་གཉིས་ལ་བཀའ་བློན་བསྐོས། ཁོང་གཉིས་ཀར་ཐའི་ཇིའི་ཆོ་ལོ་ཡང་མཉམ་དུ་བྱུང་། དེ་རྗེས་ལས་དོན་བྱེད་ཕྱོགས་སྐོར་ལ་བཀའ་བློན་རྣམས་མི་མཐུན་པ་ཆེ་རུ་འགྲོ་བར་བརྟེན། ཏཱ་ལའི་བླ་མ་ནས་བཀའ་བློན་ཚོར་གོང་མའི་བཀའ་བཞིན་པའི་སེ་ཆེན་པས་བཀའ་བློན་གྱི་གཙོ་བོ་དང་། བཀའ་བློན་གཞན་གྱིས་རོགས་རམ་བྱས་ཏེ་ལས་དོན་སྒྲུབ་དགོས་པའི་བཀའ་གནང་། དེ་དང་ཆབས་ཅིག་བཀའ་བློན་གྱི་ཐམ་ཀ་ནག་པོ་གྲུ་བཞི་གླིང་དྲུག་མ་འཁོར་ཡིག་ཡོད་པའི་ཁ་རིས་སུ་“པའི་སེ་ཁང་ཆེན་པས་གཙོ་བོ་དང།ང་། པའི་སེ་ང་ཕོད་པས་རོགས་རམ་སོགས་ཕྱིང་སང་རྣམས་ཀྱི་ཐམ་ཀ་རྒྱ་ལ་”ཞེས་འཁོད་པ་གནང་སྟེ། བཀའ་བློན་རྣམས་ལྷ་ས་གཙུག་ལག་ཁང་གི་གཟིམ་ཆུང་ཁམས་གསུམ་(གཞུང་སྒོའི་སྟེང་དུ་ཡོད་པ་དེ་ཡིན་)ལས་ཁུངས་ཚུགས་པའི་སྲོལ་བཏོད་(འོན་ཀྱང་དེ་དུས་བཀའ་ཤག་མི་ཟེར་ལ། མགྲོན་གཉེར་དང་དྲུང་ཡིག་སོགས་ཀྱང་མེད)དེ་ནས་རབ་བྱུང་བཅུ་གཉིས་པའི་མི་རྟ(༡༧༢༩)ལོ་བར་ལོ་ངོ་གསུམ་རིང་བཀའ་བློན་ལྔ་ནས་སྲིད་དབང་བཟུང་། སྔ་ཕྱིར་བཀའ་བློན་ང་ཕོད་པ་དང་། ལུམ་པ་བ་དང་། སྦྱར་ར་བ་གསུམ་ནས་གོང་མ་གཡུང་ཊིང་ལ་དའི་ཆིང་སྦ་དུར་དང་ཕོ་ལྷ་ཐའི་ཇི་ནས་ལས་དོན་ལེགས་པོ་སྒྲུབ་ཀྱི་མི་འདུག་ཅེས་སྔ་ཕྱིར་ཡི་གེ་ཐེངས་མང་བཏང་བར་བརྟེན། དེ་སྐོར་གནས་ཚུལ་རྟོག་ཞིབ་བྱེད་པར་གོང་མ་གཡུང་ཊིང་ནས་བློན་ཆེན་གཉིས་མངགས་པ་བཞིན་བོད་དུ་འབྱོར་རྒྱུ་དང་། དའི་ཆིང་སྦ་དུར་ལ་ཡང་སྔར་ལས་རིམ་པ་མཐོ་བའི་གོ་ས་འོང་རྒྱུ་སོགས་བཀའ་བློན་གསུམ་ནས་ཐོས་པ་བརྟེན། བཀའ་བློན་གསུམ་གྱི་བསམ་པར་ང་ཚོས་སྔར་ནས་དའི་ཆིང་སྦ་དུར་དང་ཕོ་ལྷ་ཐའི་ཇི་གཉིས་ཚར་བཅད་དུ་འབད་བརྩོན་བྱས་པ་དེ་བློན་ཆེན་གཉིས་མ་འབྱོར་གོང་དུ་གྲུབ་མ་ཐུབ་ན་བློན་ཆེན་གཉིས་འབྱོར་རྗེས་དའི་ཆིང་སྦ་ཐུར་སྔར་ལས་དབང་ཆེ་རུ་འགྲོ་ངེས་སྙམ་ནས་བོད་རབ་བྱུང་བཅུ་གཉིས་པའི་མེ་ལུག་(༡༧༢༧)ལོའི་ཟླ་བ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་བཀའ་བློན་གསུམ་ནས་ལས་ཁུངས་ཚུགས་བཞིན་པའི་སྐབས་སུ་བཀྲོངས། འོན་ཀྱང་ཕོ་ལྷ་ཐའི་ཇི་སྔར་ནས་དོགས་པ་ཡོད་པར་བརྟེན་གཙང་ཁུལ་དུ་སོང་བས་བཀའ་བློན་གསུམ་པོས་གླགས་མ་རྙེད་པ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
(དའི་ཆིང་བཱ་ཐུར) འདིའི་མིང་དངོས་བསོད་ནམས་རྒྱལ་པོ་དང་། མིང་གཞན་པའི་སེ་ཁང་ཆེན་པ་ཡང་ཟེར། དུང་དཀར་ཚིག་མཛོད་ནང་ཐོར་བུ་ཕྱོགས་གཅིག་ཏུ་བསྡུས་ནས་བཀོད་ཡོད་པས་གཟིགས་རོགས།
- language:
- Tibetan