- dar rgyal mang po rje
- ID:
- T233022
- དར་རྒྱལ་མང་པོ་རྗེ (Tibetan, Tibetan script, Original)
- > dar rgyal mang po rje (Tibetan, Latin script, Transliteration-THL Extended Wylie Transliteration)
- > dar gyal mangpo jé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དར་རྒྱལ་མང་པོ་རྗེ་ནི་འཕན་ཡུལ་དར་རྒྱལ(དར་ཡུལ)དུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་བློ་རིག་རྣོ་བ་ཞིག་ཡོད་པ་བཙན་པོ་སྲོང་བཙན་གྱི་བློན་པོ་མགར་སྟོང་བཙན་གྱིས་གསན་ནས་མགར་སྟོང་བཙན་སོགས་བློན་པོ་བཞིས་འཕན་ཡུལ་ནས་བསུས་ཏེ་བོད་ཀྱི་ཁོས(དབང་རིས)ཤོམ་པའི་གྲབས་བྱེད་སྐབས་དར་རྒྱལ་མང་པོ་རྗེས་མཆིམས་མང་བཞེར་ངན་པ་ཞེས་པ་མགོ་སྐོར་ཏེ་བློ་གྲོས་བརྙེད་ཐབས་བྱས་ནས་སྐྱིད་ཤོད་ཤོ་མ་རར(ལྷུན་གྲུབ་རྫོང་དབུ་རུ་ལུང་ཤང་གི་ཁོངས་སུ་ཡོད)ཁོས་བཤམས། དར་རྒྱས་མང་པོ་རྗེ་ནི་སྲོང་བཙན་གྱི་བློན་པོ་བློ་རིག་གསལ་བ་ཞིག་ཡིན་ལ་བཙན་པོ་མང་སྲོང་གི་དུས་སུ་ས་ཞིང་ལ་ཞིབང་བཤེར་བྱས་པ་དང།ང་། ར་སང་རྗེ་ཞེས་པའི་རྒྱལ་ཕྲན་ཞིག་དང་དངོས་ཟོག་བརྗེ་ཚོང་གི་འབྲེལ་བ་བཙུགས་པ་སོགས་མཛད་སྐད།
- language:
- Tibetan
2. Thupten Phuntsok Dictionary
དར་རྒྱལ་མང་པོ་རྗེ་ནི་འཕན་ཡུལ་དར་རྒྱལ (དར་ཡུལ) དུ་སྐུ་འཁྲུངས་། ཆུང་ངུའི་དུས་ནས་བློ་རིག་རྣོ་བ་ཞིག་ཡོད་པ་བཙན་པོ་སྲོང་བཙན་གྱི་བློན་པོ་མགར་སྟོང་བཙན་གྱིས་གསན་ནས་བསུས་དེ་མགར་སྟོང་བཙན་སོགས་བློན་པོ་བཞིས་འཕན་ཡུལ་ནས་བསུས་ཏེ་བོད་ཀྱི་ཁོས (དབང་རིས) ཤོམ་པའི་གྲབས་བྱེད་སྐབས་དར་རྒྱལ་མང་པོ་རྗེས་མཆིམས་མང་བཞེར་ངན་པ་ཞེས་མགོ་སྐོར་ཏེ་བློ་གྲོས་བརྙེད་ཐབས་བྱས་ནས་སྐྱིད་ཤོད་ཤོ་མ་རར (ལྷུན་གྲུབ་རྫོང་དབུ་རུ་ལུང་ཤང་གི་ཁོངས་སོ་ཡོད) ཁོས་བཤམས། དར་རྒྱལ་མང་པོ་རྗེ་ནི་སྲོང་བཙན་གྱི་བློན་པོ་བློ་རིག་གསལ་བ་ཞིག་ཡིན་ལ་བཙན་པོ་མང་སྲོང་གི་དུས་སུ་ས་ཞིང་ལ་ཞིབ་ཤེར་བྱས་པ་དང་། ར་སང་རྗེ་ཞེས་པའི་རྒྱལ་ཕྲན་ཞིག་དང་དངོས་ཟོག་བརྗེ་ཚོང་གི་འབྲེལ་བ་བཙུགས་པ་སོགས་མཛད་སྐད།
- language:
- Tibetan