- dar po gling
- ID:
- T233030
- དར་པོ་གླིང (Tibetan, Tibetan script, Original)
- > dar po gling (Tibetan, Latin script, Transliteration-THL Extended Wylie Transliteration)
- > darpo ling (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ལྷ་ལྡན་གཙུག་ལག་ཁང་ནས་རྩིས་པའི་བྱང་ངོས་ཡོད་པའི་དར་པོ་གླིང་ནི་དུས་རབས་བཅོ་ལྔ་པའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འམདུན་གྲུབ་པས་བཏབ་པར་གྲགས་ཤིང་། དེ་གར་དགེ་བསྙེན་ཕྱིང་དཀར་བ་དང་། དགྲ་ལྷ་སོགས་ཁོག་ཞུགས་བྱེད་པ་དང་། དར་པོ་གླིང་གི་ལྷ་མི་བ་ཞེས་ལྷ་གསོལ་མཁན་ཚོགས་པ་རྒྱ་ཆེ་ཙམ་ཡོད། བདག་གཉེར་རྩེ་རྣམ་རྒྱལ་གྲྭ་ཚང་ནས་བྱེད་སྲོལ་ཡོད་ཁར་མགོན་པོ་བ་མི་གཅིག་བཙུགས་པ་དེས་དུས་རྒྱུན་གྱི་གསོལ་མཆོད་རྣམས་བྱེད་ཀྱི་ཡོད་ཐོག རྣམ་རྒྱལ་གྲྭ་ཚང་ནས་ལུང་ཞུ་སོགས་བྱེད་སྲོལ་ཡོད།
- language:
- Tibetan
2. Thupten Phuntsok Dictionary
ལྷ་ལྡན་གཙུག་ལག་ཁང་ནས་རྩིས་པའི་བྱང་ངོས་སུ་ཡོད་པའི་དར་པོ་གླིང་ནི་དུས་རབས་བཅོ་ལྔ་པའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པས་བཏབ་པར་གྲགས་ཤིང་། དེ་གར་དགེ་བསྙེན་ཕྱིང་དཀར་བ་དང་། དགྲ་ལྷ་སོགས་ཁོག་ཞུགས་བྱེད་པ་དང་། དར་པོ་གླིང་གི་ལྷ་མི་བ་ཞེས་ལྷ་གསོལ་མཁན་ཚོགས་པ་རྒྱ་ཆེ་ཙམ་ཡོད། བདག་གཉེར་རྩེ་རྣམ་རྒྱལ་གྲྭ་ཚང་ནས་བྱེད་སྲོལ་ཡོད་ཁར་མགོན་པོ་བ་མི་གཅིག་བཙུགས་པ་དེས་དུས་རྒྱུན་གྱི་གསོལ་མཆོད་རྣམས་བྱེད་ཀྱི་ཡོད་ཐོག རྣམ་རྒྱལ་གྲྭ་ཚང་ནས་ལུང་ཞུ་སོགས་བྱེད་སྲོལ་ཡོད།
- language:
- Tibetan