- dug nad brtag thabs
- ID:
- T233074
- དུག་ནད་བརྟག་ཐབས (Tibetan, Tibetan script, Original)
- > dug nad brtag thabs (Tibetan, Latin script, Transliteration-THL Extended Wylie Transliteration)
- > duk né tak tab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
(1) མཆིལ་མས་ཆུ་ལ་བརྟག་པ། ཞོགས་པ་ནམ་ལངས་ནས་གཏམ་མ་ལབ་ཅིང་ཟས་མ་ཟོས་པའི་ཝ་མཆིལ་མ་མ་དཀྲོགས་པ་རང་ལུགས་དེ་ཆུ་ཁར་གཡེང་ན་དུག་མེད་ལ་གཏིང་དུ་སོང་ན་དུག་ཡོད། (2) མཆིལ་མས་རྒྱ་རུ་ལ་བརྟག་པ། རྒྱ་རུ་ལ་ཆུ་བྱུག་ཅིང་དེའི་སྟེང་དུ་མཆིལ་མ་བླུག་ན་ལྦུ་བ་ཚིར་ཚིར་ཁོལ་ན་དུག་ཡིན། (3) དཀར་གོང་ལ་བརྟག་པ། དཀར་གོང་མེས་བསྲེགས་པའི་སྟེང་དུ་མཆིལ་མ་བླུག་ནས་གྲང་བའི་ཚེ་བཅག་པས་ན་ནས་འབྲུ་གང་ཙམ་ནག་པོར་ཆགས་ན་དུག་ཡོད། (4) བྱི་ཐུར་གྱི་བརྟག་པ། བ་མེན་གྱི་རྭའི་ནང་དུ་ནད་པའི་དྲི་ཆུ་ཆང་དང་བསྲེས་ནས་བླུག་ཅིང་། བྱི་ཐུར་གྱིས་སྐྲུགས་པས་འཇའ་ཚོན་འདྲ་བ་ཤར་ན་དུག་ཡོད། (5) རི་བོང་སྨ་རས་བརྟག་པ། བ་མེན་གྱི་རྭའི་ནང་དུ་ནད་པའི་དྲི་ཆུ་ཆང་དང་བསྲེས་ནས་བླུག་ཅིང་། རི་བོང་སྨ་རས་དཀྲུགས་པས་སྨ་ར་ཚིག་ན་དུག་ཡོད། (6) མུར་འགྲམ་སྐུས་བརྟག་པ། ནད་པའི་དྲི་ཆུ་དེ་མུར་གོང་གི་སྐྲ་ལ་བྱུག་སྟེ་ཞག་གཅིག་འཇོག ཕྱིར་ཉིན་བལྟས་པས་སྐྲ་སྐམ་ཀྱོག་ཚིག་པ་འདྲ་བར་གྱུར་ན་དུག་ཡོད། (7) བྱའི་ཟེ་ཁྲག་གི་བརྟག་པ། ནད་པའི་དྲི་ཆུའི་ནང་དུ་བྱའི་ཟེ་ཁྲག་བླུག་ཅིང་། དེ་ལ་བོང་ང་བཏབ་པས་རྣག་ལྟར་སོང་ན་དུག་ཡོད། (8) དངུལ་གྱིས་བརྟག་པ། ར་གན་སོགས་ལྷད་མེད་པའི་དངུལ་དག་མ་ཞིག་སྲད་བུས་རྟོད་ནས་སོའི་བར་བཅུག ཕྱིར་ཉིན་ནམ་ལངས་པ་དང་དངུལ་མདོག་འགྱུར་ཞིང་གཡའ་ཕྱི་དཀའ་བ་བྱུང་ན་དུག་ཡོད། (9)ཧ་བོས་བརྟག་པ། ནུབ་མོ་ཆང་ཁྱོར་བ་གང་དང་བྲག་སྐྱ་ཧ་བོ་སྦྱར་ནས་བཏུང་སྟེ་ཉལ་ཞིང་། ཕྱིར་ཉིན་ལྕེ་རྙིལ་དང་རྐན་ལ་འཇའ་ཚོན་འདྲ་བ་འདུག་ན་དུག་ཡོད། (10) རྨ་བྱའི་སྒྲོས་བརྟག་པ། རྨ་བྱའི་སྒྲོ་ཐིག་གཅིག་མར་གྱི་ནང་དུ་གཏུམ་ནས་ཁྱུར་མིད་བྱེད། ཕྱིར་ཉིན་འོག་སྒོ་ནས་ཐོན་པ་དང་བཀྲུས་ནས་བརྟག་པས་སྒྲོ་ཐིག་མ་ཉམས་པར་ཡོད་ན་དུག་ཡོད།
- language:
- Tibetan