- dug ril
- ID:
- T233083
- དུག་རིལ (Tibetan, Tibetan script, Original)
- > dug ril (Tibetan, Latin script, Transliteration-THL Extended Wylie Transliteration)
- > duk ril (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དུག་རིལ་གྱི་སྦྱོར་བ་འདི་ལ་སྔོན་གྱི་མཁས་དབང་རྣམས་ཀྱིས་བཞེད་ཚུལ་མི་འདྲ་བ་མཆིས་པས་དེ་དག་གཟུར་གནས་བློ་དང་ལྡན་པ་དག་གིས་དཔྱད་པར་བྱ་བའི་ཆེད་དུ་ཕྱོགས་བསྡུས་སུ་བཀོད་ན། སྐྱེམས་པ་ཚེ་དབང་གིས་མཛད་པའི་མན་ངག་རྒྱུད་རིལ་བུ་དང་གོང་སྨན་གཉིས་ལྟག་སྤྲོད་དུ་བཏང་བར་གསུངས་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་ལས། སྨན་མ་ཞུ་ན་བཙན་དུག་གི་རིལ་བུ་ནི་བཞེད་པ་མི་མཐུན་པ་མང་ཙམ་མཆིས་ཀྱང་སྨན་ཆེན་ལ་ཨ་རུ་ར་བདུན་འགྱུར་བཏང་། སྒ་པི་ཕོ་བ་རིས་སྨན་ཆེན་ཉིས་འགྱུར་བྱས་པ་གཉིས་ལྟག་པ་སྤྲད་པ། ཞེས་གསུངས་པས་དཔྱོད་ལྡན་དག་གིས་དཔྱོད་ཅིག
- language:
- Tibetan