Skip to main content Skip to search
dum gsum spyan lnga
ID:
T233138
  • དུམ་གསུམ་སྤྱན་ལྔ (Tibetan, Tibetan script, Original)
    • > dum gsum spyan lnga (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dum sum chen nga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གནའ་བོའི་རྒྱ་སྲོལ་རི་མོའི་འདྲ་བརྙན་རི་མོར་དབང་ལྔ་གནས་ཡུལ་གྱི་ཆ་ཚད་མན་ངག་ཡིན། དུམ་གསུམ་སྟེ་ངོ་གདོང་དཀྱུས་ལ་དུམ་བུ་གསུམ་ལ་དབྱེ་ཡོད། དུམ་བུ་གོང་མ་ནི་སྤྱི་བོའི་སྐྲ་མཚམས་ནས་སྨིན་མཚམས་བར་དང་། དུམ་བུ་བར་པ་ནི་སྨིན་མཚམས་ནས་ཤངས་རྩེ་བར། དུམ་བུ་ཐ་མ་ནི་ཤངས་ནས་ཀོས་ཀོ་བར་ཡིན། སྤྱན་ལྔ་ནི་ངོ་གདོང་གི་འཕྲེད་ལ་ཅ་ལྔ་རུ་བགོས་ཡོད། ཆ་རེའི་རིང་ཚད་ནི་སྤྱན་ཡ་གཅིག་གི་ཚད་དང་མཚུངས་ཡོད་པས་དེ་ལྟར་བརྗོད་པའོ། །

language:
Tibetan