- dur lnga
- ID:
- T233141
- དུར་ལྔ (Tibetan, Tibetan script, Original)
- > dur lnga (Tibetan, Latin script, Transliteration-THL Extended Wylie Transliteration)
- > dur nga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
འབྱུང་རྩིས་ཀྱི་ཐ་སྙད་དེ། དུར་སྦས་ཚུལ་རིགས་ལྔའི་མིང་སྟེ། ཤིང་དུར་དང་། ཆུ་དུར། མེ་དུར། ས་དུར། ལྕགས་དུར་བཅས་ལྔ་ལ་ཟེར། འབྱུང་རྩིས་ལས། རི་སྐྱེལ་ཤིང་ལ་སྲེག་པ་མེ། སྦ་བ་ས་ལ་སྒྲུབ་པ་ལྕགས། སྐྱུར་བ་ཆུ་ཡི་དུར་ལྔ་ལ། ཞེས་པ་དེ་ཡང་རི་སྐྱེལ་ཤིང་ཞེས་པ་གནའ་དུས་སུ་རོ་རིགས་རི་ལ་སྐྱེལ་ནས་བྱ་གཟན་དུ་སྟེར་བའི་རིགས་ལ་ཟེར། བསྲེག་པ་མེ་ཞེས་པ་རོ་མེ་ལ་བསྲེག་པ་ལ་ཟེར། སྦ་བ་ས་ཞེས་པ་སར་སྦས་པའི་དུར་ལ་ཟེར། སྒྲུབ་པ་ལྕགས་ཞེས་པ་སྒམ་དང་། མཆོད་རྟེན་སོགས་ཀྱི་ནང་དུ་འཇུག་སྟེ་ཁང་པའི་ནང་དུ་འཇོག་པ་ལ་ཟེར། སྐྱུར་བ་ཆུ་ཞེས་པ་རོ་ཆུ་ལ་སྐྱུར་ཏེ་ཉ་གཟན་དུ་སྟེར་བ་ལ་ཟེར།
- language:
- Tibetan