- dus 'khor rgya nag pa 'jam dbyangs bstan pa'i nyi ma
- ID:
- T233161
- དུས་འཁོར་རྒྱ་ནག་པ་འཇམ་དབྱངས་བསྟན་པའི་ཉི་མ (Tibetan, Tibetan script, Original)
- > dus 'khor rgya nag pa 'jam dbyangs bstan pa'i nyi ma (Tibetan, Latin script, Transliteration-THL Extended Wylie Transliteration)
- > dükhor gyanak pa jamyang tenpé nyima (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རབ་བྱུང་བཅུ་གཅིག་པའི་མེ་སྟག(༡༦༨༦)ལོར་ཧོར་ཡུལ་ཨ་རུ་ཧོ་ཆེན་དུ་སྐུ་འཁྲུངས། དགུང་ལོ་བཞི་པ་རབ་བྱུང་བཅུ་གཉིས་པའི་ས་སྦྲུལ་ལོར་སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་ནས་དུས་འཁོར་རྒྱ་ནག་པ་ངག་དབང་ཕུན་ཚོགས་ཀྱི་ཡང་སྦྲུལ་དུ་ཐུགས་ཐག་བཅད། དགུང་ལོ་བདུན་པར་སྡེ་ཁྲི་རིན་པོ་ཆེ་ལས་རབ་ཏུ།བར་རུ་བྱུང།ང་། ཡི་གེ་སྦྱོར་ཀློག་གི་དབུ་བརྩམས། བཅུ་གཅིག་པར་བཀྲ་ཤིས་འཁྱིལ་དུ་ཕེབས། མཁས་གྲུབ་དམ་པ་དུ་མར་མཇལ། ཟབ་རྒྱས་ཆོས་ཀྱི་བགོ་སྐལ་ཐོབ། རབ་བྱུང་བཅུ་གཉིས་པའི་ཤིང་ཁྱི(༡༦༩༤)ལོར་འཇམ་དབྱངས་བཞད་པའི་རྡོ་རྗེས་བརྩི་བཞག་ཐོག་མར་གནང་སྐབས་ཆོས་གྲྭར་ཞུགས། གསུངགསང་གི་བདུད་རྩི་ཚིམ་པར་བཞེས། བླ་མ་འཇམ་དཔལ་དབྱངས་ལ་བྱམས་ཆོས་དང་དབུ་མ་རིགས་ཚོགས་ཀྱི་ཚིག་རྒྱུགས་ཕུལ་ཏེ་ལེགས་སོ་ཐོབ། དགུང་ལོ་བཅུ་དྲུག་པར་སྤྱི་དོན་རིགས་རྒྱན་དང་བློ་རྟགས་སོགས་ཚད་མའི་སྐོར་གྱི་འབེལ་གཏམ་མཛད། དགུང་ལོ་ཉེར་གཅིག་ནས་ཉེར་གསུམ་བར་གཞུང་པོ་ཏི་ལྔ་སྦྱངས་པ་མཐར་ཕྱིན་མཛད་ཅིང་གོ་རིག་ཟུང་འབྲེལ་གྱི་རིགས་སྨྲ་འགྲན་ཟླ་མེད་པ་བྱུང་། ཉེར་ལྔ་བར་ཀུན་མཁྱེན་བླ་མའི་བཀའ་བཞིན་བཀའ་པོད་ལྔའི་བརྒལ་ལན་མཛད་དེ་རྡོ་རམས་པའི་དམ་བཅའ་ཐོན་ཞིང་མཁས་པའི་གྲགས་པ་ཐོབ། རྗེ་འདི་སྐུ་ཚེ་སྟོད་ལ་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་མཛད་པ་དང་། སྐུ་ཚེ་སྨད་དུ་ཧོར་སོག་གི་ཡུལ་ཁལ་ཁ་སོགས་སུ་བཞུགས་པ་མ་ཟད། སྐབས་འགར་སྐོར་རྒྱུག་ཀྱང་མཛད་དེ་དབང་ལུང་མན་ངག་གི་རྒྱུན་མང་དུ་སྤེལ། གཡོན་རུའི་སར་ཧུ་བེ་ཧུང་ཝང་གིས་སྦྱིན་བདག་བྱས་ཏེ་བདེ་མཆོག་བློས་བསླངས་ལྟར་གྱི་གཙུག་ལག་ཁང་བཞེངས། སྒོ་བཞི་ལ་རྒྱུད་དང་། དུས་འཁོར། སྨན་པ། རིག་གནས་ཀྱི་གྲྭ་ཚང་བཞི་བཙུགས། བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང་དང་བླ་བྲང་དུས་འཁོར་གྲྭ་ཚང་གི་ཁྲིར་བཞུགས་ཏེ་མདོ་སྔགས་ཀྱི་འཆད་ཉན་རྒྱ་ཆེར་སྤེལ། ཙོང་ཁ་བརྒྱད་བཅུའི་ལྷ་ཁང་གཡུ་ཐོག་ཅན་བདེ་ཡངས་བཅས་པ་གསར་དུ་བསྐྲུན། དགུང་ལོ་ང་གསུམ་པ་རབ་བྱུང་བཅུ་གཉིས་པའི་ས་རྟ(༡༧༣༨)ལོར་ཨུ་ཆི་མུ་ཆེན་གཡོན་རུའི་ཤོག་ཨེ་རིན་གྱི་སར་སྐུ་གཤེགས། གསུང་ཆོས《དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ》 《དགེ་འདུན་ཉི་ཤུའི་རྣམ་གཞག》 《དཔལ་ལྡན་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་པ་སྤྲིན་གྱི་བཞོན་པའི་རྟོགས་བརྗོད》སོགས་མགུར་དང་སྙན་ངག་ཆབ་ཤོག《གཞུང་འགྲེལ་རྟོགས་བརྗོད》 《ཟབ་མོ་ལྟ་བའི་དམིགས་ཁྲིད་ཐར་པའི་སྒོ་འབྱེད》《ལྟ་མགུར་གྱི་འགྲེལ་པ་མཁས་པ་དགྱེས་པའི་མཆོད་སྤྲིན》 《ལམ་རིམ་ཆུང་ངུའི་བདེན་གཉིས་སྐབས་ཀྱི་མཆན་འགྲེལ་བློ་བཟང་དགོངས་རྒྱན》 《དཔལ་དུས་ཀྱི་འཁོར་ལོའི་སྐོར་ལས་བརྩམས་པའི་དྲིས་ལན་ལེགས་བཤད་པད་མོའི་ལྗོན་པ》 《དཔལ་ལྡན་ལྷ་མོའི་བཟློག་བསྒྱུར་བྱ་ཚུལ་གནོད་ཚེ་ཀུན་གསལ》སོགས་པོད་གསུམ་ཙམ་བཞུགས།
- language:
- Tibetan
2. Thupten Phuntsok Dictionary
རབ་བྱུང་བཅུ་གཅིག་པའི་མེ་སྟག (༡༦༨༦) ལོར་ཧོར་ཡུལ་ཨ་རུ་ཧོ་ཆེན་དུ་སྐུ་འཁྲུངས། དགུང་ལོ་བཞི་པ་རབ་བྱུང་བཅུ་གཉིས་པའི་ས་སྦྲུལ་ལོར་སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་ནས་དུས་འཁོར་རྒྱ་ནག་པ་ངག་དབང་ཕུན་ཚོགས་ཀྱི་ཡང་སྤྲུལ་དུ་ཐུགས་ཐག་བཅད། དགུང་ལོ་བདུན་པར་སྡེ་ཁྲི་རིན་པོ་ཆེ་ལས་རབ་ཏུ་བྱུང་། ཡི་གེ་སྦྱོར་ཀློག་གི་དབུ་བརྩམས། བཅུ་གཅིག་པར་བཀྲ་ཤིས་འཁྱིལ་དུ་ཕེབས། མཁས་གྲུབ་དམ་པ་དུ་མར་མཇལ། ཟབ་རྒྱས་ཆོས་ཀྱི་བགོ་སྐལ་ཐོབ། ཙོང་ཁ་བརྒྱད་བཅུའི་ལྷ་ཁང་གཡུ་ཐོག་ཅན་བདེ་ཡངས་བཅས་པ་གསར་དུ་བསྐྲུན། དགུང་ལོ་ང་གསུམ་པ་རབ་བྱུང་བཅུ་གཉིས་པའི་ས་རྟ (༡༧༣༨) ལོར་ཨུ་ཆི་མུ་ཆེན་གཡོན་རུའི་ཤོག་ཨེ་རིན་གྱི་སར་སྐུ་གཤེགས། གསུང་ཆོསདབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ》དགེ་འདུན་ཉི་ཤུའི་རྣམ་གཞག དཔལ་ལྡན་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་པ་སྤྲིན་གྱི་བཞོན་པའི་རྟོགས་བརྗོད་》སོགས་མགུར་དང་སྙན་ངག་ཆབ་ཤོག གཞུང་འགྲེལ་རྟོགས་བརྗོད། ཟབ་མོ་ལྟ་བའི་དམིགས་ཁྲིད་ཐར་པའི་སྒོ་འབྱེད།》ལྟ་མགུར་གྱི་འགྲེལ་པ་མཁས་པ་དགྱེས་པའི་མཆོད་སྤྲིན། 》 ལམ་རིམ་ཆུང་ངུའི་བདེན་གཉིས་སྐབས་ཀྱི་མཆན་འགྲེལ་བློ་བཟང་དགོངས་རྒྱན། 》དཔལ་དུས་ཀྱི་འཁོར་ལོའི་སྐོར་ལས་བརྩམས་པའི་དྲིས་ལན་ལེགས་བཤད་པད་མོའི་ལྗོན་པ། 》དཔལ་ལྡན་ལྷ་མོའི་བཟློག་བསྒྱུར་བྱ་ཚུལ་གནོད་འཚེ་ཀུན་གསལ་》སོགས་པོད་གསུམ་ཙམ་བཞུགས།
- language:
- Tibetan