Skip to main content Skip to search
dus tshad dgu
ID:
T233189
  • དུས་ཚད་དགུ (Tibetan, Tibetan script, Original)
    • > dus tshad dgu (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dü tsé gu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དུས་མཐའི་སྐད་ཅིག་མ། དེའི་སྐད་ཅིག་ཐང་ཅིག ཡུད་ཙམ། ཉིན་ཞག ཟླ་བ། ལོ། བར་བསྐལ། བསྐལ་ཆེན། ཡང་སེམས་ཀྱི་རྣམ་རྟོག་དེའི་སྐད་ཅིག དབུགས། ཆུ་སྲང་། ཆུ་ཚོད། ཉིན་ཞག ཟླ་བ། ལོ། བསྐལ་པ་དགུན་གྱི་དུས། (བོད་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་གཉིས་པའི་ཚེས་བཅོ་ལྔ་བར) དཔྱིད་ཀྱི་དུས། (བོད་ཟླ་གཉིས་པའི་ཚེས་བཅུ་དྲུག་ནས་དྲུག་པའི་ཚེས་བཅོ་ལྔ་བར) དབྱར་གྱི་དུས། (བོད་ཟླ་དྲུག་པའི་ཚེས་བཅུ་དྲུག་ནས་བདུན་པའི་ཚེས་བཅོ་ལྔ་བར) དབྱར་ཐུང་ངུའི་དུས། (བོད་ཟླ་བདུན་པའི་ཚེས་བཅུ་དྲུག) དབྱར་རིང་པོའི་དུས། (བོད་ཟླ་བདུན་པའི་ཚེས་བཅུ་བདུན་ནས་བཅུ་པའི་ཚེས་བཅོ་ལྔ་བར་ཏེ་ཟླ་བ་གསུམ་ལ་ཞག་གཅིག་གིས་མ་ཚང་བའོ) ཉིན་མོ་ཆ་ཤས་བཅུ་བཞི་མཚན་བརྒྱད་དང་ཉེར་གཉིས་ལས། ཀར་ཤད་ལས། སྐྱ་རེངས་ཤར། ཉི་མ་མ་ཤར་བ། ཉི་མ་ཤར་བ། ཉི་མའི་བརྒྱད་ཆ་ཤར་བ། བཞི་ཆ་ཤར་བ། སྔ་དྲོའི་དུས། གུང་ཚིག་མ་ཡོལ་ན། གུང་གི་དུས། ཕྱི་དྲོའི་དུས། ཉི་མའི་བཞི་ཆ་ལུས་པ། བརྒྱད་ཆ་ལུས་པ། ཉི་མ་མ་ནུབ་པ། རྒྱུ་སྐར་མ་ཤར་བའོ། །མཚན་མོ་བརྒྱད་ནི། རྒྱུ་སྐར་མ་ཤར་བ་མཚན་ཐུན་དང་པོ། ཐུན་དང་པོའི་ཕྱེད། གུང་ཐུན། དེའི་ཕྱེད། ཐུན་ཐ་མ། ཐུན་ཐ་མའི་ཕྱེད། སྐྱ་རེངས་མ་ཤར་བའོ། །ཞེས་གསུངས།

language:
Tibetan