Skip to main content Skip to search
dus gsum spyi tsam pa'i khyad chos drug
ID:
T233208
  • དུས་གསུམ་སྤྱི་ཙམ་པའི་ཁྱད་ཆོས་དྲུག (Tibetan, Tibetan script, Original)
    • > dus gsum spyi tsam pa'i khyad chos drug (Tibetan, Latin script, Transliteration-THL Extended Wylie Transliteration)
    • > düsum chitsampé khyechö druk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

༡.བྱ་ཚིག་ལ་མ་ནིང་ག་ད་གཉིས་གང་རུང་གིས་འཕུལ་ཡོད་ཅིང་། ༢.བྱེད་ཚིག་ལ་མོ་འ་ཡིག་གི་འཕུལ་ཡོད་པ། ༣.མིང་གཞི་པ་སྡེ་ལས་གཞན་ཡིན་པ། ༤.འདས་ཚིག་ལ་བས་འཕུལ་ཡོད་པ། ༥.དུས་གསུམ་གྱི་ཚིག་རྣམས་སྒྲ་གདངས་སོ་སོར་འགྱུར་ཞིང་། ༦.མགོ་ཅན་གསུམ་གང་ཡང་མིན་པ་བཅས་ཁྱད་ཆོས་དྲུག་ལྡན་པའི་དུས་གསུམ་ནིན་དུས་གསུམ་སྤྱི་བཏང་པའོ། །

language:
Tibetan

2. Thupten Phuntsok Dictionary

༡ བྱ་ཚིག་ལ་མ་ནིང་ག་ད་གཉིས་གང་རུང་གིས་འཕུལ་ཡོད་ཅིང་། ༢ བྱེད་ཚིག་ལ་མོ་འ་ཡིག་གི་འཕུལ་ཡོད་པ། ༣ མིང་གཞི་པ་སྡེ་ལས་གཞན་ཡིན་པ། ༤ འདས་ཚིག་ལ་བས་འཕུལ་ཡོད་པ། ༥ དུས་གསུམ་གྱི་ཚིག་རྣམས་སྒྲ་གདངས་སོ་སོར་འགྱུར་ཞིང་། ༦ མགོ་ཅན་གསུམ་གང་ཡང་མིན་པ་བཅས་ཁྱད་ཆོས་དྲུག་ལྡན་པའི་དུས་གསུམ་ནི་དུས་གསུམ་སྤྱི་ཙམ་པའམ་དུས་གསུམ་སྤྱིར་བཏང་པའོ། །སུམ་རྟགས་ཀྱི་ཐ་སྙད་དེ། བྱ་ཚིག་མ་ནིང་བྱེད་པ་མོ་ཡིག་འཕུལ། །ས་སྡེ་ལས་གཞན་འདས་ཚིག་ཕོ་ཡིས་འཕུལ། །སྒྲ་གདངས་ཐ་དད་མགོ་ཅན་མེད་ངེས་ལ། །བརྗོད་བདེ་བྱེད་ཚིག་མ་ནིང་འགྱུར་ཡང་སྲིད། །

language:
Tibetan