Skip to main content Skip to search
dus gsum rdzas kyi bye brag
ID:
T233210
  • དུས་གསུམ་རྫས་ཀྱི་བྱེ་བྲག (Tibetan, Tibetan script, Original)
    • > dus gsum rdzas kyi bye brag (Tibetan, Latin script, Transliteration-THL Extended Wylie Transliteration)
    • > düsum dzekyi jedrak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དུས་གསུམ་པོ་རྫས་ཀྱི་བྱེ་བྲག་ཡིན་པར་ཐམས་ཅད་འདོད་ཀྱང་། བྱེ་བྲག་སྨྲ་བའི་སློབ་དཔོན་ཆེན་པོ་བཞིས་རྫས་ཀྱི་བྱེ་བྲག་ཏུ་འགྲེལ་ཚུལ་ཅུང་མི་འདྲ་བ་ཡོད་པ་ལས་འདིར་ཡིག་ཚོགས་མང་བར་དོགས་ཏེ་སློབ་དཔོན་ཆོས་སྐྱོབ་དང་སངས་རྒྱས་ལྷའི་འདོད་ཚུལ་གཉིས་བརྗོད་པར་བྱ་སྟེ། ཆོས་སྐྱོབ་ཀྱིས་མྱུ་གུ་ལ་སོགས་པ་མོམ་འོངས་ནས་ད་ལྟ་བ་དང་། དེ་ནས་འདས་པར་འཇགའཇུག་པ་ན། དེ་དག་གི་དངོས་པོ་དོར་ཡང་རྫས་མི་འདོར་ཏེ། དཔེར་ན་འོ་མ་ཞོར་འགྱུར་བ་ན་དབྱིབས་དང་རོ་འགྱུར་ཡང་ཁ་དོག་མི་འགྱུར་བ་བཞིན་ནོ། ། ཞེས་གསུངས། སློབ་དཔོན་སངས་རྒྱས་ལྷས། མྱུ་གུ་སོགས་དངོས་པོ་གཅིག་ཀྱང་སྔ་ཕྱི་ལ་ལྟོས་ནས་དུས་གསུམ་སོ་སོར་འཇོག་སྟེ། དཔེར་ན་བུད་མེད་གཅིག་ལྟོས་ས་སོ་སོ་ལ་ལྟོས་ནས་མ་དང་བུ་མོར་འཇོག་པ་བཞིན་ནོ། ། ཞེས་གསུངས་སོ། ། གང་ལྟར་ཡང་དེ་རྣམས་ཀྱིས་མྱུ་གུའི་འདས་པའི་དུས་སུ་ཡང་ཡོད། མྱུ་གུ་མྱུ་གུའི་མ་འོངས་པའི་དུས་སུ་ཡང་ཡོད་པར་འདོད་པས་ན་དུས་གསུམ་རྫས་སུ་ཡོད་པར་འདོད་པ་ཡིན།

language:
Tibetan

2. Thupten Phuntsok Dictionary

དུས་གསུམ་པོ་རྫས་ཀྱི་བྱེ་བྲག་ཡིན་པར་ཐམས་ཅད་འདོད་ཀྱང་། བྱེ་བྲག་སྨྲ་བའི་སློབ་དཔོན་ཆེན་པོ་བཞིས་རྫས་ཀྱི་བྱེ་བྲག་ཏུ་འགྲེལ་ཚུལ་ཅུང་མི་འདྲ་བ་ཡོད་པ་ལས་འདིར་ཡིག་ཚོགས་མང་བར་དོགས་ཏེ་སློབ་དཔོན་ཆོས་སྐྱོབ་དང་སངས་རྒྱས་ལྷའི་འདོད་ཚུལ་གཉིས་བརྗོད་པར་བྱ་སྟེ། ཆོས་སྐྱོབ་ཀྱིས་མྱུ་གུ་ལ་སོགས་པ་མ་འོངས་ནས་ད་ལྟ་བ་དང་། དེ་ནས་འདས་པར་འཇུག་པ་ན། དེ་དག་གི་དངོས་པོ་དོར་ཡང་རྫས་མི་འདོར་ཏེ། དཔེར་ན་འོ་མ་ཞོར་འགྱུར་བ་ན་དབྱིབས་དང་རོ་འགྱུར་ཡང་ཁ་དོག་མི་འགྱུར་བ་བཞིན་ནོ། །ཞེས་གསུངས། སློབ་དཔོན་སངས་རྒྱས་ལྷས། མྱུ་གུ་སོགས་དངོས་པོ་གཅིག་ཀྱང་སྔ་ཕྱི་ལ་ལྟོས་ནས་དུས་གསུམ་སོ་སོར་འཇོག་སྟེ། དཔེར་ན་བུད་མེད་གཅིག་ལྟོས་ས་སོ་སོ་ལ་ལྟོས་ནས་མ་དང་བུ་མོར་འཇོག་པ་བཞིན་ནོ། །ཞེས་གསུངས་སོ། །གང་ལྟར་ཡང་དེ་རྣམས་ཀྱིས་མྱུ་གུའི་འདས་པའི་དུས་སུ་ཡང་ཡོད། མྱུ་གུ་མྱུ་གུའི་མ་འོངས་པའི་དུས་སུ་ཡང་ཡོད་པར་འདོད་པས་ན་དུས་གསུམ་རྫས་སུ་ཡོད་པར་འདོད་པ་ཡིན།

language:
Tibetan