- deb ther du 'bri ba
- ID:
- T233235
- དེབ་ཐེར་དུ་འབྲི་བ (Tibetan, Tibetan script, Original)
- > deb ther du 'bri ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > deb ter du driwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བོད་ཡིག་གི་དཔེ་དེབ་འབྲི་ཚུལ་རིགས་གསུམ་སྟེ། ༡.ཤོག་དྲིལ་དུ་བྱས་ནས་འབྲི་བ་དང།ང་། ༢.གླེགས་བམ་དུ་བྱས་ནས་འབྲི་བ། ༣.དེབ་ཐེར་དུ་འབྲི་བ་བཅས་ལས(གོང་གསལ་གཉིས་ཀྱི་འབྲི་ཚུལ་སྐོར་པོ་སྟི་ཀར་འབྲི་བ་ཞེས་པར་གཟིགས)དེབ་ཐེར་དུ་འབྲི་ཚུལ་ནི་ཐོག་མར་འབྲི་གཞིའི་ཤོག་བུ་རྣམས་ཚད་གཅིག་མཚུངས་སུ་དྲས་ཏེ་ལྟེབ་མགོ་ལྔ་ནས་བདུན་བར་གྱི་བརྩེགས་སྣ་ཚོགས་དང།ང་། གོས་ཆེན་སྣ་ཚོགས་ཀྱི་རྒྱབ་ཤ་བྱས་པ་ཡོད་ཅིང།ང་། དེ་ནི་གླེགས་བམ་དུ་འབྲི་བ་ལས་ཀྱང་ཤིན་ཏུ་དཀའ་ཞིང་ལག་རྩལ་འབྱོང་པོ་མེད་ཚེ་དཔེ་དེབ་ཆུད་ཟོས་ཧ་ཅང་ཆེན་པོ་སོང་ཉེནཉིན་ཆེ་བ་ཞིག་ཡིན་ལ། དེའི་ཐོག་བྲིས་པའི་ཡིག་གཟུགས་ནི་ཡི་གེའི་ཤ་ཆེ་ཞིང་རྐང་པ་ཐུང་བའི་དཔེ་ཚུགས་མ་ཤས་ཆེ་ཞིང།ང་། བོད་ས་གནས་ཀྱི་རིམ་བྱུང་སྲིད་གཞུང་གི་གལ་ཆེའི་ཡིག་ཆ་རྣམས་དཔེ་དེབ་དེའི་གྲས་ཤ་སྟག་ཡིན།
- language:
- Tibetan
2. Thupten Phuntsok Dictionary
བོད་ཡིག་གི་དཔེ་དེབ་འབྲི་ཚུལ་རིགས་གསུམ་སྟེ། ༡ ཤོག་དྲིལ་དུ་བྱས་ནས་འབྲི་བ་དང་། ༢ གླེགས་བམ་དུ་བྱས་ནས་འབྲི་བ། ༣ དེབ་ཐེར་དུ་འབྲི་བ་བཅས་ལས (གོང་གསལ་གཉིས་ཀྱི་འབྲི་ཚུལ་སྐོར་པོ་སྡི་ཀར་འབྲི་བ་ཞེས་པར་གཟིགས) དེབ་ཐེར་དུ་འབྲི་ཚུལ་ནི་ཐོག་མར་འབྲི་གཞིའི་ཤོག་བུ་རྣམས་ཚད་གཅིག་མཚུངས་སུ་དྲས་ཏེ་ལྟེབ་མགོ་ལྔ་ནས་བདུན་བར་གྱི་བརྩེགས་སྣ་ཚོགས་དང་། གོས་ཆེན་སྣ་ཚོགས་ཀྱི་རྒྱབ་ཤ་བྱས་པ་ཡོད་ཅིང་། དེ་ནི་གླེགས་བམ་དུ་འབྲི་བ་ལས་ཀྱང་ཤིན་ཏུ་དཀའ་ཞིང་ལག་རྩལ་འབྱོང་པོ་མེད་ཚེ་དཔེ་དེབ་ཆུད་ཟོས་ཧ་ཅང་ཆེན་པོ་སོང་ཉེན་ཆེ་བ་ཞིག་ཡིན་ལ་དེའི་ཐོག་བྲིས་ཡི་གེ་གཟུཊ་ནི་ཡི་གེའི་ཤ་ཆེ་ཞིང་རྐང་པ་ཐུང་བའི་དཔེ་ཚུགས་མ་ཤས་ཆེ་ཞིང་། བོད་ས་གནས་ཀྱི་རིམ་བྱུང་སྲིད་གཞུང་གི་གལ་ཆེའི་ཡིག་ཆ་རྣམས་དཔེ་དེབ་དེའི་གྲས་ཤ་སྟག་ཡིན།
- language:
- Tibetan