Skip to main content Skip to search
dog bde'i glog khang rnying pa
ID:
T233274
  • དོག་བདེའི་གློག་ཁང་རྙིང་པ (Tibetan, Tibetan script, Original)
    • > dog bde'i glog khang rnying pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dok dé lok khang nyingpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ལྷ་སའི་ཉེ་འདབས་ཀྱི་དོག་བདེ་གློག་ཁང་རྙིང་པ་ནི་རརབ་བྱུང་བཅོ་ལྔ་པའི་ཤིང་བྱི་(༡༩༢༤)ལོར་བཙུགས་པའི་བོད་ཀྱི་གློག་ཁང་དང་པོ་དེ་ཡིན་པ་དང།ང་། གློག་ཁང་གསར་རྒྱག་གི་ཇུས་འགོད་དང།ང་།ཐིག་ལེན།་ །འཕྲུལ་འཁོར་སྒྲིག་གཤོམ་སོགས་ཚང་མ་དབྱིན་ཇིའི་ལོན་ཀྲོན་དུ་སློབ་སྦྱོང་གནང་མྱོང་བའི་བྱང་ངོས་པ་རིག་འཛིན་རྡོ་རྗེས་འགན་བླངས་ཤིང་། རབ་བྱུང་བཅུ་དྲུག་པའི་ས་འབྲུག་(༡༩༢༨)ལོར་ཆུ་ཤུགས་གློག་ཁང་དངོས་སུ་ལེགས་བསྒྲུབས་ཟིན་ནས་གློག་འདོན་ཐུབ་པ་བྱུང།ང་།ད་ལྟའང་གློག་ཁང་རྙིང་པའི་ཁང་ཤུལ་དང་ཆུ་རྫིང་བསྡད་ཡོད། ཤིང་རྟ་(༡༩༥༤)ལོར་མི་དམངས་སྲིད་གཞུང་ནས་གྲོནང་དངུལ་ཆེད་གཏོང་གིས་གློག་ཁང་རྙིང་པའི་ཤར་དུ་ཡོད་པའི་མཁར་མཐོ་རི་འདབས་སུ་གློག་ཁང་གསར་པ་བཟོ་སྐྲུན་གནང་བ་དེ་གཞི་ཁྱོན་ཆེ་ལ། འཕྱུལའཕྲུལ་ཆས་སོགས་གང་ས་ནས་ཆ་རྐྱེན་བཟང་སྟབས་གློག་ཁང་རྙིང་པ་དེ་གོ་མི་ཆོད་པར་གྱུར་པ་རེད། གློག་ཁང་རྙིང་པའི་འགྲམ་དེར་དངུལ་དཔར་ཞེས་པ་ཞིག་ཡོད་པ་དེ་ནི་སྔར་དེ་གར་དངུལ་དཔར་རྒྱག་ས་ཡིན་འདུག་ཀྱང་དེ་རྗེས་གྲ་བཞིར་སྤོས་འདུག་གྱང་རོ་ད་ལྟའང་ཡོད། གཞན་ཡང་དོག་བདེའི་ནང་དུ་བཙན་པོའོ་དུས་སུ་ཐེམ་གྲངས་ཁྲི་སྐོར་ཡོད་པའི་ཤོད་རྒྱུན་འདུག་ཅིང།ང་། ས་བྱ་(༡༩༦༩)ལོར་ཞིང་ལས་ཏ་ཀྲེར་སློབ་སྦྱོང་བྱེད་དུས་ས་ཞིང་ལ་རགས་སྐྱོར་བཟོ་བྱེད་ས་རྡོ་ས་སྔོག་སྐབས་ས་འོག་ནས་རྩིག་ཤུལ་དང།ང་། ཐབ། རྫ་ཁོག་སོགས་དོན་འདུག།ག

language:
Tibetan

2. Thupten Phuntsok Dictionary

རབ་བྱུང་བཅོ་ལྔ་པའི་ཤིང་བྱི (༡༩༢༤) ལོར་བཙུགས་པའི་བོད་ཀྱི་གློག་ཁང་དང་པོ་དེ་ཡིན་པ་དང་། གློག་ཁང་གསར་རྒྱག་གི་ཇུས་འགོད་དང་། ཐིག་ལེན། འཕྲུལ་འཁོར་སྒྲིག་གཤོམ་སོགས་ཚང་མ་དབྱིན་ཇིའི་ལོན་ཀྲོན་དུ་སློབ་སྦྱོང་གནང་མྱོང་བའི་བྱང་ངོས་པ་རིག་འཛིན་རྡོ་རྗེས་འགན་བླངས་བཞེས་པའོ།

language:
Tibetan